རྣ་བ་བླགས་ཏེ་ཉན་པ།


རབ་རིབ་ཀྱི་ཕྲེང་བ་ལས་དམིགས་མེད་ཀྱི་མེ་སྟག་མཆེད་དུས
སྒལ་གཞུང་དུ་འཐོར་བའི་བྱུ་རུའི་ལས་དབང་དེ་ཅི་ཞིག
འདྲེད་བརྡར་ཤོར་བའི་སྒོ་ཁྱོན་དེ་བཙན་གྱིས་གཏད་མོད
སྒོ་ཁྱོན་སྣེར་སྒུར་བཞིན་པ་དེ་ཨ་སྐྱོ་བ་ཞིག་གི་གཟུགས་རིས་སུ་ཟད།
གྲིབ་གཟུགས་ཀྱིས་མ་ཁྱོགས་པའི་རི་བོ་དེ་འཁྱོགས་ཤུལ་ན
ཡང་སྙིང་གཏམ་རྒྱུད་དང་བསྡོངས་ཏེ་བཞུར་བ་ནི་མིག་ཆུ་ཡིན་ནམ
 
སྐས་རྐང་གི་ལྷུ་ལག་འཐོར་ཤུལ་དུ
མེ་ཏོག་སྐྱེས་པའི་བཤད་ཡམས་ཤིག་མཆེད་མོད
མིག་ཟུང་ཙུམ་ཐེངས་ཤིག་གིས་ཐག་རིང་དེ་ཇི་ལྟར་མཐོང
རྒས་གཉེར་གྱི་འདབ་མ་རེ་རེ་བརྩེ་བས་ཁྲོལ་ན
གནས་དེ་ན་ད་དུང་ལྷག་ཡོད་པ་སེམས་ཁུར་དང་རྨོངས་ཞེན་ཡིན་མི་དཔེ
 
ལན་རེར་རྒས་པོ་དེ་འདར་གྱིན་རྐང་ལམ་དེར་ཞུགས
སྐབས་རེར་རྒས་མོ་ངུ་བཞིན་ཕ་ཡུལ་དུ་སྙེགས
 
འདི་ནི་རེ་འཁྲེང་ཞིག་གི་ཁ་དོག་དང
མི་ལོ་ཁྲི་སྟོང་གི་ཙག་ལ་བསྡོངས་པའི་དབྱངས་འགྲོས་ཤིག་ལ་ཟད་པས
དད་ཞེན་གྱི་ལོ་མ་ལ་ད་དུང་ལྐོག་གྱུར་གྱི་རྒྱུན་ཐག་འཆད་པར་ངེས
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྣ་བ་བླགས་ཏེ་ཉན་པ།

2011-09-07 ང་དུར་ཁྲོད། ཀློག་གྲངས། མཆན ཡོད།


རབ་རིབ་ཀྱི་ཕྲེང་བ་ལས་དམིགས་མེད་ཀྱི་མེ་སྟག་མཆེད་དུས
སྒལ་གཞུང་དུ་འཐོར་བའི་བྱུ་རུའི་ལས་དབང་དེ་ཅི་ཞིག
འདྲེད་བརྡར་ཤོར་བའི་སྒོ་ཁྱོན་དེ་བཙན་གྱིས་གཏད་མོད
སྒོ་ཁྱོན་སྣེར་སྒུར་བཞིན་པ་དེ་ཨ་སྐྱོ་བ་ཞིག་གི་གཟུགས་རིས་སུ་ཟད།
གྲིབ་གཟུགས་ཀྱིས་མ་ཁྱོགས་པའི་རི་བོ་དེ་འཁྱོགས་ཤུལ་ན
ཡང་སྙིང་གཏམ་རྒྱུད་དང་བསྡོངས་ཏེ་བཞུར་བ་ནི་མིག་ཆུ་ཡིན་ནམ
 
སྐས་རྐང་གི་ལྷུ་ལག་འཐོར་ཤུལ་དུ
མེ་ཏོག་སྐྱེས་པའི་བཤད་ཡམས་ཤིག་མཆེད་མོད
མིག་ཟུང་ཙུམ་ཐེངས་ཤིག་གིས་ཐག་རིང་དེ་ཇི་ལྟར་མཐོང
རྒས་གཉེར་གྱི་འདབ་མ་རེ་རེ་བརྩེ་བས་ཁྲོལ་ན
གནས་དེ་ན་ད་དུང་ལྷག་ཡོད་པ་སེམས་ཁུར་དང་རྨོངས་ཞེན་ཡིན་མི་དཔེ
 
ལན་རེར་རྒས་པོ་དེ་འདར་གྱིན་རྐང་ལམ་དེར་ཞུགས
སྐབས་རེར་རྒས་མོ་ངུ་བཞིན་ཕ་ཡུལ་དུ་སྙེགས
 
འདི་ནི་རེ་འཁྲེང་ཞིག་གི་ཁ་དོག་དང
མི་ལོ་ཁྲི་སྟོང་གི་ཙག་ལ་བསྡོངས་པའི་དབྱངས་འགྲོས་ཤིག་ལ་ཟད་པས
དད་ཞེན་གྱི་ལོ་མ་ལ་ད་དུང་ལྐོག་གྱུར་གྱི་རྒྱུན་ཐག་འཆད་པར་ངེས
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།