ཞོགས་པ་དེར།


ཞོགས་པ་དེར
ང་ལམ་ལ་ཆས་དགོས་པའི་ཞོགས་པ་དེར་
མཁར་རྫོང་དམར་པོ་རི་ལས་བསྐྱུར་པའི་ལོ་ཟླ་འདིས
ངེས་འབྱུང་གི་མཚོ་མོ་སྤང་ལ་འཁྱིལ་དུ་བཅུག་ལ
སྡུག་བསྔལ་གྱི་རྒྱབ་རི་མཁའ་ལ་འཕགས་སུ་ཡང་བཅུག
ཤིག་རིང་གི་ཕམ་མཐའ་མི་རྙེད་པའི་འཁོར་བའི་སླུ་བྲིད་དེས
ཡབ་མེས་ཀྱི་རུས་རྐང་ལ་ན་ཟུག་བཏོན་ལ
ཕྱི་རྒྱལ་མགོ་སེར་ཚོའི་མིག་གོང་ལ་མཆི་མ་བསྐྲུན
 
ཞོགས་པ་དེར
ཁུ་བྱུག་གིས་དཔྱིད་ཟླ་ལ་ལས་བརྡ་བྱེད་ཀྱིན་ཡོད་ལ
བྲག་རི་ཡིས་རང་རང་སར་ངུ་འབོད་བྱེད་ཀྱིན་འདུག
ལས་ཡིན   ཉིན་འདིར་ངའི་ཤི་བོ་ཤི་མོ་ཚོའི་འདས་སྐར་ཡིན་ལ
ཤུལ་གཞག་གི་བྱིའུ་ཆུང་ཉམས་ཐག་དེས་སྐྱེས་སྐར་ཡང་ཡིན
 
ཞོགས་པ་དེར
སྐར་ཚོགས་ཀྱི་འཁོར་ཡུག་གི་ལྷང་འཇགས་དཀྲོགས་ལ
ཟླ་བ་ལྷ་མོའི་འཛུམ་མདངས་ཀྱི་ཁ་དོག་ཡང་བསྒྱུར

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་པ་དེར།

2011-09-03 བཱ་ཡན་པ། ཀློག་གྲངས། མཆན ཡོད།


ཞོགས་པ་དེར
ང་ལམ་ལ་ཆས་དགོས་པའི་ཞོགས་པ་དེར་
མཁར་རྫོང་དམར་པོ་རི་ལས་བསྐྱུར་པའི་ལོ་ཟླ་འདིས
ངེས་འབྱུང་གི་མཚོ་མོ་སྤང་ལ་འཁྱིལ་དུ་བཅུག་ལ
སྡུག་བསྔལ་གྱི་རྒྱབ་རི་མཁའ་ལ་འཕགས་སུ་ཡང་བཅུག
ཤིག་རིང་གི་ཕམ་མཐའ་མི་རྙེད་པའི་འཁོར་བའི་སླུ་བྲིད་དེས
ཡབ་མེས་ཀྱི་རུས་རྐང་ལ་ན་ཟུག་བཏོན་ལ
ཕྱི་རྒྱལ་མགོ་སེར་ཚོའི་མིག་གོང་ལ་མཆི་མ་བསྐྲུན
 
ཞོགས་པ་དེར
ཁུ་བྱུག་གིས་དཔྱིད་ཟླ་ལ་ལས་བརྡ་བྱེད་ཀྱིན་ཡོད་ལ
བྲག་རི་ཡིས་རང་རང་སར་ངུ་འབོད་བྱེད་ཀྱིན་འདུག
ལས་ཡིན   ཉིན་འདིར་ངའི་ཤི་བོ་ཤི་མོ་ཚོའི་འདས་སྐར་ཡིན་ལ
ཤུལ་གཞག་གི་བྱིའུ་ཆུང་ཉམས་ཐག་དེས་སྐྱེས་སྐར་ཡང་ཡིན
 
ཞོགས་པ་དེར
སྐར་ཚོགས་ཀྱི་འཁོར་ཡུག་གི་ལྷང་འཇགས་དཀྲོགས་ལ
ཟླ་བ་ལྷ་མོའི་འཛུམ་མདངས་ཀྱི་ཁ་དོག་ཡང་བསྒྱུར

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།