མི་དང་ཕག

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-17

མིས་རྒྱུན་དུ་གོམས་གཤིས་སུ་སོང་བའི་སྐད་ཆ་ཞིག་ལབ་ཀྱིན་འདུག
དེ་ནི་གཏི་མུག་གཉིད་ཀྱི་བདག་པོ་ཕག་ཟེར་བ་དེ་རེད
མིས་རྟག་ཏུ་གཏན་ལ་ཕབ་ཟིན་པའི་དཔེ་ཞིག་འཇོག་གིན་འདུག
དེ་ནི་ལྟོ་འདོད་ཆེ་བའི་ཕག་དང་འདྲ་ཟེར་བ་དེ་རེད
 
མི་གཉིད་སོང           ཉིན་མཚན་དུས་དྲུག་ལ་གཉིད་སོང
ཕག་ཀྱང་གཉིད་སོང     བཟའ་བཏུང་གི་དུས་སྐབས་ལ་ཕག་སད་ཡོད
མིས་བཟའ་བཏུང་ལ་རོལ་སོང   གྲངས་ཀ་དང་མཚམས་མེད་པར་རོལ་སོང
ཕག་གིས་འཁང་ར་བྱས་ཀྱིན་མེད    ཕག་རང་གི་ལས་ཀར་ཞུགས་སོང
 
ད་ལྟ་ཕག་གིས་ཀྱང་ཡ་མཚན་པའི་ངང་སྐད་ཆ་ཞིག་ལབ་ཀྱིན་འདུག
དེ་ནི་གཏི་མུག་གཉིད་ཀྱི་གཡོག་པོ་མི་ཟེར་བ་དེ་རེད
ད་ལྟ་ཕག་གིས་ཀྱང་དགོད་བྲོ་བའི་ངང་དཔེ་ཞིག་འཇོག་གིན་འདུག
དེ་ནི་ཕག་ལས་ལྗིད་པའི་མི་ཟེར་བ་དེ་རེད
 
ལོ་མཇུག་ལ་ཐོན་སོང
མིས་ལྟོ་འདོད་ཅན་གྱི་ཕག་བཤས་སོང
ཤ་ཁྲག་ཡོད་ཚད་ཀྱང་རང་གི་ལྟོ་བར་འབུལ་སོང
དགུན་ཟླ་བཅུ་བའི་མཁའ་དབྱིངས་ན་ཕག་བགྲང་མེད་ཅིག
འཁང་ར་མེད་པར་མིས་བསྩལ་བའི་ཆོ་ལོ་དེ་ཁུར་ཏེ
ཚེ་སྲོག་གི་སྙན་ངག་དེ་ལ་ཉིས་ཤད་འབྲི་བཞིན་བུད་སོང
 
ད་ལྟ་ཕག་མེད་སོང    མིས་ད་དུང་ཆོ་ལོ་དེ་ཕག་ལ་བཏགས་ཏེ
གཉིད་ཚིམ་པོ   ཟས་ཞིམ་པོ་དག་རང་གི་ཟློས་གར་ཏུ་འབྲི་བཞིན་འདུག
སྐབས་རེར་གནམ་ནས་བབས་ན་འདོད་ཡོད
སྐབས་རེར་ས་ནས་སྐྱེས་ན་འདོད་ཡོད
སྐབས་རེར་ལྷ་སྒྲུང་དེ་མངོན་དུ་འགྱུར་ནའང་འདོད་ཡོད
 
ཕག་འདི་ལྟར་མིའི་ལྟོ་བའི་ཆེད་དུ་ཕེབས་སོང
འཁང་ར་དང་ཞེན་ཆགས་མེད་པར་བུད་སོང
མིས་རང་ཉིད་ཅི་ཞིག་གི་ཕྱིར་དུ་འཚོ་བ་བརྗེད་སོང
མི་ཞེས་པའི་དབང་ཆ་ཆེན་པོ་ཞིག་ཡོད་པ་ལས
འོས་འགན་ལྗིད་མོ་ཞིག་ཡོད་པ་བརྗེད་སོང
མི་གཉིད་སོང      ཉལ་ཐུབ་ལ་ཉལ་ཐུབ་བརྩེགས་ཏེ་གཉིད་སོང
 
མིས་ད་དུང་སྐད་ཆ་དེ་ལབ་ཀྱིན་འདུག
མིས་ད་དུང་དཔེ་དེ་འཇོག་གིན་འདུག
                                                     
            2011-6-14སྡོད་ཤག་“མེད་པོ་ཚང”ནས་བིས་མདོ་བས་ཤར་མར་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་དང་ཕག

2011-08-17 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།