སྐད་ཆ་འཇའ་ལ་བྲིས།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-12


ཚོས་ཁ་བྱུགས་པའི་ཐག་པ་སྣ་ཚོགས་ཀྱིས་ལུས་པོ་བསྡམས
རུས་པའི་གསེང་གི་ཟུག་གཟེར་ནི་ཆུ་བཞིན་བཞུར
སྒྲ་དབྱངས་བར་མཚམས་མེད་པར་འཕྱོ
ཆར་བས་མུན་ནག་གི་མིག་མཐའ་བརླན
ཁ་སང་ཀི་འདེབས་མཁན་གྱི་མི་དེས
དེ་རིང་མགོ་བཏུམས་ནས་ངུ་ཤུམ་རྒྱག
 
ཁོས  རི་གན་མཇེ་ཞིག་ཡིན་ན་ཟེར
ཁོས  མཚོ་གན་མོ་མཚན་ཞིག་ཡིན་ན་ཟེར
 
ཚིག་ལ་མདུད་པ་མེད   དབྱངས་ལ་རི་མོ་མེད
སྟག་གཟིག་གི་མཆེ་བའི་འོད་ལ་བྲོས
རྐང་སྣམ་སྒྱིད་ཁུག་ཏུ་ལྷུང
སྐད་ཆ་འཇའ་ལ་བྲིས
རྨི་ལམ་གད་སྙིགས་ལ་བཅོལ
 
ལང་ཚོའི་རྟ་ཕོ་སྲབ་མཐུར་ལས་ཤོར་ཡང་འདམ་ལ་ཟུག
མེ་ཏོག་སྨོན་ལམ་ཞིག་ལ་ཕྱུགས་ཆུང་གིས་དཔེ་འཇོག་མཛད
 
ངལ་དུབ་ཀྱི་དབང་གིས  དལ་ཅིག་སྡོད་དགོས་པ་འདྲ  སྡོད་དགོས་པ་འདྲ
                                                ༢༠༡༡.༠༦.༢༤

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་ཆ་འཇའ་ལ་བྲིས།

2011-08-12 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།


ཚོས་ཁ་བྱུགས་པའི་ཐག་པ་སྣ་ཚོགས་ཀྱིས་ལུས་པོ་བསྡམས
རུས་པའི་གསེང་གི་ཟུག་གཟེར་ནི་ཆུ་བཞིན་བཞུར
སྒྲ་དབྱངས་བར་མཚམས་མེད་པར་འཕྱོ
ཆར་བས་མུན་ནག་གི་མིག་མཐའ་བརླན
ཁ་སང་ཀི་འདེབས་མཁན་གྱི་མི་དེས
དེ་རིང་མགོ་བཏུམས་ནས་ངུ་ཤུམ་རྒྱག
 
ཁོས  རི་གན་མཇེ་ཞིག་ཡིན་ན་ཟེར
ཁོས  མཚོ་གན་མོ་མཚན་ཞིག་ཡིན་ན་ཟེར
 
ཚིག་ལ་མདུད་པ་མེད   དབྱངས་ལ་རི་མོ་མེད
སྟག་གཟིག་གི་མཆེ་བའི་འོད་ལ་བྲོས
རྐང་སྣམ་སྒྱིད་ཁུག་ཏུ་ལྷུང
སྐད་ཆ་འཇའ་ལ་བྲིས
རྨི་ལམ་གད་སྙིགས་ལ་བཅོལ
 
ལང་ཚོའི་རྟ་ཕོ་སྲབ་མཐུར་ལས་ཤོར་ཡང་འདམ་ལ་ཟུག
མེ་ཏོག་སྨོན་ལམ་ཞིག་ལ་ཕྱུགས་ཆུང་གིས་དཔེ་འཇོག་མཛད
 
ངལ་དུབ་ཀྱི་དབང་གིས  དལ་ཅིག་སྡོད་དགོས་པ་འདྲ  སྡོད་དགོས་པ་འདྲ
                                                ༢༠༡༡.༠༦.༢༤

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།