འདི་ལྟར་འབྲི་འདོད་པའི་སྐད་ཆ་ཁ་ཤས།

མདའ་སྲས།༼རྨ་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-03


བྲང་ཁོག་འདིའི་ཚ་དྲོད་ཀྱིས་བྲིས་ལ
མིག་ཆུ་འཛད་བྱེད་དུ་བཞག་འདྲའི  ཁ་ཆེམས་ལྟ་བུའི་ཡིག་འབྲི་དེ་དག
བརྩེ་བ་དང་དྭངས་གཙང་གི་རྒྱབ་རོལ་དུ
ཤོག་ལྷེ་དཀར་བོ་རེའི་སྟེང་ན  ནག་རོག་རོག་ངང་ལུས་འདུག

ཅི་ཞིག་གིས་མ་འདང་བ་ལྟ་བུའི་མི་འགའ་རེས
ཤོག་ལྷེ་དེ་མེ་ལ་བསྒྲོན་ཚུལ་དང  ཧྲགས་སེ་གཤགས་ཚུལ་ལ་བལྟས་ན
བརྩི་བཀུར་ཞེས་པའང  ཁོ་ཚོར་མཚོན་ན
ཧ་ཅང་དགོས་མཁོ་དང་བྲལ་ཞིང་དོར་རན་པའི་དངོས་པོ་རྙིང་བ་ཞིག

ཁྱེད་ཀྱིས་རྙེད་མི་སྲིད་པ་ནི་མི་སེམས་ཀྱི་དྲོད་དང་བརྩེ་བ་ཡིན་པས
ཁྱེད་ནམ་ཡང་གོམས་ཡོད་པའང་མཐོང་ཆུང་ཞེས་པའི་མིང་ཚིག་རྫོབ་པོ་དེ་རེད

ཅི་ཞིག་མཐོང་གིན་མ་འདུག་པའི་སྟོང་ཆ་ལྟ་བུའི་མི་
འདང་རྒྱག་ཁ་ཤས་ཀྱི་ཐོབ་འབྲས་སུ  ཁྱེད་ལྗིད་ཏིག་གེར་ཙོག་འདུག
                           ༢༠༡༡ ༠༦ ༨

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདི་ལྟར་འབྲི་འདོད་པའི་སྐད་ཆ་ཁ་ཤས།

2011-08-03 མདའ་སྲས།༼རྨ་ལྷོ༽ ཀློག་གྲངས། མཆན ཡོད།


བྲང་ཁོག་འདིའི་ཚ་དྲོད་ཀྱིས་བྲིས་ལ
མིག་ཆུ་འཛད་བྱེད་དུ་བཞག་འདྲའི  ཁ་ཆེམས་ལྟ་བུའི་ཡིག་འབྲི་དེ་དག
བརྩེ་བ་དང་དྭངས་གཙང་གི་རྒྱབ་རོལ་དུ
ཤོག་ལྷེ་དཀར་བོ་རེའི་སྟེང་ན  ནག་རོག་རོག་ངང་ལུས་འདུག

ཅི་ཞིག་གིས་མ་འདང་བ་ལྟ་བུའི་མི་འགའ་རེས
ཤོག་ལྷེ་དེ་མེ་ལ་བསྒྲོན་ཚུལ་དང  ཧྲགས་སེ་གཤགས་ཚུལ་ལ་བལྟས་ན
བརྩི་བཀུར་ཞེས་པའང  ཁོ་ཚོར་མཚོན་ན
ཧ་ཅང་དགོས་མཁོ་དང་བྲལ་ཞིང་དོར་རན་པའི་དངོས་པོ་རྙིང་བ་ཞིག

ཁྱེད་ཀྱིས་རྙེད་མི་སྲིད་པ་ནི་མི་སེམས་ཀྱི་དྲོད་དང་བརྩེ་བ་ཡིན་པས
ཁྱེད་ནམ་ཡང་གོམས་ཡོད་པའང་མཐོང་ཆུང་ཞེས་པའི་མིང་ཚིག་རྫོབ་པོ་དེ་རེད

ཅི་ཞིག་མཐོང་གིན་མ་འདུག་པའི་སྟོང་ཆ་ལྟ་བུའི་མི་
འདང་རྒྱག་ཁ་ཤས་ཀྱི་ཐོབ་འབྲས་སུ  ཁྱེད་ལྗིད་ཏིག་གེར་ཙོག་འདུག
                           ༢༠༡༡ ༠༦ ༨

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།