གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་ཞིག་ངུ་ཚུལ།

2011-12-01 09:25:00 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

བུ་མོ་ཞིག་ངུ་ཚུལ
ཆར་བ་ཞིག་འབབ་ཚུལ་དང་འདྲ་འདུག
གནམ་ངོ་ཞིག་རུབ་མ་ཐག
སྤྲིན་གསེབ་ནས་ཤག་ཤག་བབས་འགྲོ
ངོ་གདོང་དེ་འགྱུར་དུས
མིག་ཆུ་དེ་མཁུར་མགོར་གཏོར་འདུག
 
བུ་མོ་དེ་འདོད་ཚུལ
བྱིས་པ་རྩེད་ཚུལ་ཞིག་དང་འདྲ་འདུག
ངེས་གཏན་ཞིག་མེད་པར
གང་འདོད་དེར་ལག་པས་རེག་འགྲོ
སྣང་བ་དེ་རྙིང་ཚེ
ཁྱོད་ལའང་བདེ་མོ་བཞག་འདུག
 
བུ་མོ་དེ་བཤད་ཚུལ
ཝུ་ཆང་ཞིག་འཐུང་ཚུལ་དང་འདྲ་འདུག
འཐུང་བའི་འཐུང་ཚོད་མེད་ན
མགོ་བོ་ན་བའི་རྒྱུ་དེ་ཡིན་འདུག
བཤད་བཤད་ཀྱང་དེར་ཤོར་ན
རང་ཡང་ཕུང་བའི་རྒྱུ་དེ་ཡིན་འདུག
 
བུ་མོ་ཞིག་ངུ་ཚུལ
དབྱར་གཞུང་གི་གནམ་ངོ་དང་འདྲ་འདུག
སྤྲིན་པ་དེ་ལང་ལོང་འཕྱུར་དུས
ཆར་བ་དེ་འབབ་པའི་ངེས་པ་ཞིག་མེད་འདུག
མིག་ཆུ་དེ་མཁུར་མགོར་གཏོར་ཡང
ཡིད་སེམས་དེ་དྲང་བོའི་ངེས་པ་ཞིག་མེད་འདུག
                 ༢༠༡༡ ༡༠ ༩
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།