ཕུ་བོ། ཁྱིམ་འདིའི་གདུང་འདེགས་ཀྱི་་ཀ་བ་བརྟན་པོ།

           ___ཕུ་བོ་སྐལ་བཟང་རྡོ་རྗེ་ལ་ཕུལ་བ།
             
གླེང་གཞི།
མི་ལོ་ལྔའི་སྔོན་དུ་སྐྱེས་པ་དེས། ཕུ་བོ་ལགས།
ཁྱེད་རང་། གཡང་ཁྱིམ་འདིའི་གདུང་འདེག་གི་ཀ་བར་གྱུར་སོང་།
             གཅིག
ང་རང་ཨ་མའི་ལྷུམས་སུ་མ་ཞུགས་པའི་ལོ་ངོ་ལྔའི་སྔོན་དུ།
འུ་ཚང་གི་ཁྱམས་རྭར་འཁྱིལ་བའི་ངུ་ངག་གི་དབྱངས་རྟ་དེ་ནི།
ཚངས་སྲས་མོས་ཆེད་དཀྲོལ་གྱི་རྒྱུ་དྲུག་མ་ཡིན་ལ།
འཕགས་མ་གང་དེའི་ཆེད་བཀོད་ཀྱི་ཆུ་ཚོད་ཀྱི་བཞུར་རྒྱུན་དེ་ལགས་པས།
གཡང་ཁྱིམ་འདིའི་ཁྱམས་རྭར་པདྨའི་མེ་ཏོག་ཅིག་གི་མྱུ་གུ་འབུས་བྱུང་།
ཕུ་བོ་ལགས། དེ་ནི་ཁྱེད་ཀྱི་སྐྱེས་སྐར་རེད།
        གཉིས།
ཟླ་དགུ་ཞག་བཅུ་ཡི་མངལ་སུ་ཞུགས་དུས།
ཨ་མའི་བྲང་གཞུང་ན་འཕག་ཚག་དང་རྩེད་འཇོ་ལ་རན་དུས།
ང་རང་ཡང་ཐེངས་མང་པོར་སད་དུ་བཅུག་སོང་ལ།
ཕུ་བོ་ལགས། དུས་དེར་ཁྱེད་རང་དངོས་ནས་བྲ་ཚེགས་ཆེ་བ་ལ་ཨང་།
        གསུམ།
དུས་ཚོད་ཀྱི་བཞུར་རྒྱུན་དེས།
ངས་ཀྱང་། མ་འོངས་པའི་རེ་བཞག་ཡོད་ཚད་དཔེ་ཁུག་ཏུ་ཉེར་དགོས་བྱུང་ལ།
དེ་ནས་བཟུང་། ཕུ་བོ་ལགས།
ཁྱེད་ཀྱི་རྐང་རྗེས་ཀྱང་ཞིང་བར་ཕེབས་དགོས་བྱུང།
དུས་ཚོད་ཀྱི་ས་བོན་དེའང་སྒོ་ཞིང་དུ་སྨིན་དགོས་བྱུང་།
དེ་ནས་བཟུང་། གནག་ཕྱུགས་ཀྱི་འཁུན་སྒྲ་ནི་ཁྱེད་ཀྱི་མྱོང་བྱ་རེད་ལ།
ཁྱེད་ཀྱི་སྡུག་ཡུས་ཀྱང་སྒོ་ཞིང་འདིའི་མཁའ་ན་འཕུར་གྱིན་འདུག
ཕུ་བོ་ལགས། དེ་ནས་བཟུང་།
ཁྱེད་རང་གཡང་ཁྱིམ་འདིའི་གདུང་འདེག་གི་ཀ་བ་རྣལ་མ་དེ་བྱ་དགོས་བྱུང་།
              བཞི།
ཕུ་བོ་ལགས། ད་ལྟ་ལྷ་ལྡན་དུ་གྲགས་འོངས་པ་ནི།
སུ་ཞིག་གིས་ཁྱེད་ལ་བྲིས་པའི་སེམས་ཀྱི་རྨ་ཁ་དེ་ཡིན་ལ།
ཕུ་བོ་ལགས། ངས་ནམ་རྒྱུན།
ཇོ་བོ་རིན་པོ་ཆེར། འུ་ཚང་གི་བདེ་སྡུག་ཞུ་བཞིན་ཡོད།
དེ་རིང་ཚར་རྗེས་ཀྱི་སང་ཉིན་ནི་ང་ཚོ་མཇལ་འཛོམས་ཀྱི་ཉིན་མོ་དེ་ཡིན་ངེས་ལ།
ངས་ཀྱང་དེར་རེ་སྒུག་དང་སྨོན་ལམ་གྱི་རླུང་རྟ་སྤུར་གྱིན་ཡོད།
                        2011/11/19ཉིན་སྨྱོན་པས་ལྷ་ལྡན་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕུ་བོ། ཁྱིམ་འདིའི་གདུང་འདེགས་ཀྱི་་ཀ་བ་བརྟན་པོ།

2011-11-26 འབའ་ཚེ་སྨྱོན། ཀློག་གྲངས། མཆན ཡོད།

           ___ཕུ་བོ་སྐལ་བཟང་རྡོ་རྗེ་ལ་ཕུལ་བ།
             
གླེང་གཞི།
མི་ལོ་ལྔའི་སྔོན་དུ་སྐྱེས་པ་དེས། ཕུ་བོ་ལགས།
ཁྱེད་རང་། གཡང་ཁྱིམ་འདིའི་གདུང་འདེག་གི་ཀ་བར་གྱུར་སོང་།
             གཅིག
ང་རང་ཨ་མའི་ལྷུམས་སུ་མ་ཞུགས་པའི་ལོ་ངོ་ལྔའི་སྔོན་དུ།
འུ་ཚང་གི་ཁྱམས་རྭར་འཁྱིལ་བའི་ངུ་ངག་གི་དབྱངས་རྟ་དེ་ནི།
ཚངས་སྲས་མོས་ཆེད་དཀྲོལ་གྱི་རྒྱུ་དྲུག་མ་ཡིན་ལ།
འཕགས་མ་གང་དེའི་ཆེད་བཀོད་ཀྱི་ཆུ་ཚོད་ཀྱི་བཞུར་རྒྱུན་དེ་ལགས་པས།
གཡང་ཁྱིམ་འདིའི་ཁྱམས་རྭར་པདྨའི་མེ་ཏོག་ཅིག་གི་མྱུ་གུ་འབུས་བྱུང་།
ཕུ་བོ་ལགས། དེ་ནི་ཁྱེད་ཀྱི་སྐྱེས་སྐར་རེད།
        གཉིས།
ཟླ་དགུ་ཞག་བཅུ་ཡི་མངལ་སུ་ཞུགས་དུས།
ཨ་མའི་བྲང་གཞུང་ན་འཕག་ཚག་དང་རྩེད་འཇོ་ལ་རན་དུས།
ང་རང་ཡང་ཐེངས་མང་པོར་སད་དུ་བཅུག་སོང་ལ།
ཕུ་བོ་ལགས། དུས་དེར་ཁྱེད་རང་དངོས་ནས་བྲ་ཚེགས་ཆེ་བ་ལ་ཨང་།
        གསུམ།
དུས་ཚོད་ཀྱི་བཞུར་རྒྱུན་དེས།
ངས་ཀྱང་། མ་འོངས་པའི་རེ་བཞག་ཡོད་ཚད་དཔེ་ཁུག་ཏུ་ཉེར་དགོས་བྱུང་ལ།
དེ་ནས་བཟུང་། ཕུ་བོ་ལགས།
ཁྱེད་ཀྱི་རྐང་རྗེས་ཀྱང་ཞིང་བར་ཕེབས་དགོས་བྱུང།
དུས་ཚོད་ཀྱི་ས་བོན་དེའང་སྒོ་ཞིང་དུ་སྨིན་དགོས་བྱུང་།
དེ་ནས་བཟུང་། གནག་ཕྱུགས་ཀྱི་འཁུན་སྒྲ་ནི་ཁྱེད་ཀྱི་མྱོང་བྱ་རེད་ལ།
ཁྱེད་ཀྱི་སྡུག་ཡུས་ཀྱང་སྒོ་ཞིང་འདིའི་མཁའ་ན་འཕུར་གྱིན་འདུག
ཕུ་བོ་ལགས། དེ་ནས་བཟུང་།
ཁྱེད་རང་གཡང་ཁྱིམ་འདིའི་གདུང་འདེག་གི་ཀ་བ་རྣལ་མ་དེ་བྱ་དགོས་བྱུང་།
              བཞི།
ཕུ་བོ་ལགས། ད་ལྟ་ལྷ་ལྡན་དུ་གྲགས་འོངས་པ་ནི།
སུ་ཞིག་གིས་ཁྱེད་ལ་བྲིས་པའི་སེམས་ཀྱི་རྨ་ཁ་དེ་ཡིན་ལ།
ཕུ་བོ་ལགས། ངས་ནམ་རྒྱུན།
ཇོ་བོ་རིན་པོ་ཆེར། འུ་ཚང་གི་བདེ་སྡུག་ཞུ་བཞིན་ཡོད།
དེ་རིང་ཚར་རྗེས་ཀྱི་སང་ཉིན་ནི་ང་ཚོ་མཇལ་འཛོམས་ཀྱི་ཉིན་མོ་དེ་ཡིན་ངེས་ལ།
ངས་ཀྱང་དེར་རེ་སྒུག་དང་སྨོན་ལམ་གྱི་རླུང་རྟ་སྤུར་གྱིན་ཡོད།
                        2011/11/19ཉིན་སྨྱོན་པས་ལྷ་ལྡན་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།