ནམ་མཁའི་སྤྲིན་པ་དཀར་རོ་དཀར་རོ། ས་ཡི་གཅིན་པ་ནུར་རོ་ནུར་རོ།


སྟེས་དབང་གིས་ཁྱོད་ཀྱི་ལམ་ཕྲན་དེར་འཕྲད
རྨི་ལམ་གྱིས་ང་ཡི་གསང་བ་དག་སློག
འཇིག་རྟེན་ཞིག་གི་སྒོ་མོ་འབྱེད་པའི་བྱང་ཁོག་དེ
ཚ་ཟུག་གིས་བཅུམ་པའི་སྔོ་ཟངས་ནང་གི་ཉ་མོ་ཆུང་ཆུང་དེ
 
སྲིད་པའི་སྒེའུ་ཁུང་གི་དྲ་མ་རེ་རེ
དྲན་རྟེན་དུ་རུང་བའི་གནའ་བོའི་ཤོག་ཁྲ་རྙིང་རོ་རེ་རེ་ལྷན་དུས
ང་ནི་མེ་ཏོག་སྙི་མོ་ཅན་གྱི་ཉ་བ་དེ་མ་ཡིན་པའི་ངེས་བའང་མེད
 
གྲུ་གཟེངས་ཀྱིས་དཀྲོགས་པའི་རྒྱ་མཚོའི་ཁོང་ཁྲོ་དེ་དག
རླབས་ཀྱི་ཡང་མཐའ་ན་ཡན་པའི་གཉེར་མ་དམར་རོ་དེའོ
 
ཁྱོད་ཀྱི་ཕྱི་རུ་དོད་པའི་གཟུགས་ཀྱི་ལང་ཚོ
ང་ཡི་བྲང་དུ་གསལ་བའི་འགུལ་བསྐྱོད་དེ་ལགས་ན
མ་གཞི་འུ་གཉིས་ཆ་ཡོད་རྒྱུས་ཡོད་ཀྱི་འདོད་ཆགས་ཅན་དེ་མ་ཡིན་པའི་གསལ་ཁ་སུ་ལ་བྱིན
 
ངའི་ལག་པ་གནམ་དུ་བཀྱགས་པའི་དབྱིངས་རིམ་ན
ཁྱོད་ཀྱི་ཉི་མ་དང་ཟླ་བ་ངང་ཤུགས་ཀྱིས་འཁོར་བ་བདེན་ནམ
ཁྱོད་ངའི་འཁྲིག་མའི་དུས་ཚོད་མ་ཡིན་པའི་ངེས་པའང་དེ་ལས་མེད
གནམ་གཤིས་ཤིག་ཁྱོད་ཀྱི་གདོང་ནས་དྲུད་དེ
གནམ་གཤིས་ཤིག་ང་ཡི་བྲང་དུ་གཏོར་བས་རྒྱུད་རིམ་ནི་
གཟུགས་ཤིག་དང་    ཆུ་ཞིག་མ་ཡིན་ཨང
ངའི་འདོད་པ་ཆུ་ཡི་ནང་སྙིང་གི་ཆུ་དེ
 དེའི་ནང་གི་ཆུ་དེ      ******   ཆུ
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མཁའི་སྤྲིན་པ་དཀར་རོ་དཀར་རོ། ས་ཡི་གཅིན་པ་ནུར་རོ་ནུར་རོ།

2011-11-25 རྣོ་ཟུར། ཀློག་གྲངས། མཆན ཡོད།


སྟེས་དབང་གིས་ཁྱོད་ཀྱི་ལམ་ཕྲན་དེར་འཕྲད
རྨི་ལམ་གྱིས་ང་ཡི་གསང་བ་དག་སློག
འཇིག་རྟེན་ཞིག་གི་སྒོ་མོ་འབྱེད་པའི་བྱང་ཁོག་དེ
ཚ་ཟུག་གིས་བཅུམ་པའི་སྔོ་ཟངས་ནང་གི་ཉ་མོ་ཆུང་ཆུང་དེ
 
སྲིད་པའི་སྒེའུ་ཁུང་གི་དྲ་མ་རེ་རེ
དྲན་རྟེན་དུ་རུང་བའི་གནའ་བོའི་ཤོག་ཁྲ་རྙིང་རོ་རེ་རེ་ལྷན་དུས
ང་ནི་མེ་ཏོག་སྙི་མོ་ཅན་གྱི་ཉ་བ་དེ་མ་ཡིན་པའི་ངེས་བའང་མེད
 
གྲུ་གཟེངས་ཀྱིས་དཀྲོགས་པའི་རྒྱ་མཚོའི་ཁོང་ཁྲོ་དེ་དག
རླབས་ཀྱི་ཡང་མཐའ་ན་ཡན་པའི་གཉེར་མ་དམར་རོ་དེའོ
 
ཁྱོད་ཀྱི་ཕྱི་རུ་དོད་པའི་གཟུགས་ཀྱི་ལང་ཚོ
ང་ཡི་བྲང་དུ་གསལ་བའི་འགུལ་བསྐྱོད་དེ་ལགས་ན
མ་གཞི་འུ་གཉིས་ཆ་ཡོད་རྒྱུས་ཡོད་ཀྱི་འདོད་ཆགས་ཅན་དེ་མ་ཡིན་པའི་གསལ་ཁ་སུ་ལ་བྱིན
 
ངའི་ལག་པ་གནམ་དུ་བཀྱགས་པའི་དབྱིངས་རིམ་ན
ཁྱོད་ཀྱི་ཉི་མ་དང་ཟླ་བ་ངང་ཤུགས་ཀྱིས་འཁོར་བ་བདེན་ནམ
ཁྱོད་ངའི་འཁྲིག་མའི་དུས་ཚོད་མ་ཡིན་པའི་ངེས་པའང་དེ་ལས་མེད
གནམ་གཤིས་ཤིག་ཁྱོད་ཀྱི་གདོང་ནས་དྲུད་དེ
གནམ་གཤིས་ཤིག་ང་ཡི་བྲང་དུ་གཏོར་བས་རྒྱུད་རིམ་ནི་
གཟུགས་ཤིག་དང་    ཆུ་ཞིག་མ་ཡིན་ཨང
ངའི་འདོད་པ་ཆུ་ཡི་ནང་སྙིང་གི་ཆུ་དེ
 དེའི་ནང་གི་ཆུ་དེ      ******   ཆུ
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།