ཀླད་ཆེན་འདི།

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-20


 ཀླད་ཆེན་འདི
རྔམ་བརྗིད་ཀྱི་བར་སྣང་ལྟར་འབྱམས་ཀླས་ལ།
ཤེས་རབ་དང་འཇོན་ཐང་།
སྐར་ཚོགས་བཞིན་འོད་དུ་འཚེར་ཆོག་ཀྱང་།
སྒྱིད་ལུག་གི་སྤྲིན་པ་རོག་པོ་དེས།
རྡོ་དང་བྱེ་མར་བསྐུངས་པའི་གསེར་རྡུལ་བཞིན།
རང་ཉིད་ལ་ཡོད་རུང་བའི་བཀྲག་མདངས་དེ་ངོམས་མ་ཐུབ།

ཀླད་ཆེན་འདི
བག་ཕེབས་པའི་རྩྭ་ཐང་ལྟར་ཁོད་ཡངས་ལ།
རྣམ་དཔྱོད་དང་བློ་གྲོས།
མེ་ཏོག་བཞིན་ཁྲ་མེར་བཞད་ཆོག་ཀྱང་།
རྣམ་གཡེང་གི་ན་བུན་སྟུག་པོ་དེས།
སྒམ་དང་མཛོད་དུ་ལུས་པའི་རིན་ཆེན་བཞིན།
རང་ཉིད་ལ་ཡོད་རུང་བའི་མཛེས་པ་དེ་ངོམས་མ་ཐུབ།

ཀླད་ཆེན་འདི
མཐའ་ཡས་པའི་རྒྱ་མཚོ་ལྟར་གཏིང་ཟབ་ལ།
ཚོར་རྟོག་དང་རིག་ཤེས།
རྦ་རླབས་བཞིན་ཤུགས་ཀྱིས་འཕྱུར་ཆོག་ཀྱང་།
ལེ་ལོ་ཡི་རླུང་བུ་ཟད་པོ་དེས།
རྒྱ་དང་གླིང་གར་བཅུག་པའི་སྟག་རྒོད་བཞིན།
རང་ཉིད་ལ་ཡོད་རུང་བའི་ཟིལ་ཤུགས་དེ་ངོམས་མ་ཐུབ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཆེན་འདི།

2011-11-20 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།


 ཀླད་ཆེན་འདི
རྔམ་བརྗིད་ཀྱི་བར་སྣང་ལྟར་འབྱམས་ཀླས་ལ།
ཤེས་རབ་དང་འཇོན་ཐང་།
སྐར་ཚོགས་བཞིན་འོད་དུ་འཚེར་ཆོག་ཀྱང་།
སྒྱིད་ལུག་གི་སྤྲིན་པ་རོག་པོ་དེས།
རྡོ་དང་བྱེ་མར་བསྐུངས་པའི་གསེར་རྡུལ་བཞིན།
རང་ཉིད་ལ་ཡོད་རུང་བའི་བཀྲག་མདངས་དེ་ངོམས་མ་ཐུབ།

ཀླད་ཆེན་འདི
བག་ཕེབས་པའི་རྩྭ་ཐང་ལྟར་ཁོད་ཡངས་ལ།
རྣམ་དཔྱོད་དང་བློ་གྲོས།
མེ་ཏོག་བཞིན་ཁྲ་མེར་བཞད་ཆོག་ཀྱང་།
རྣམ་གཡེང་གི་ན་བུན་སྟུག་པོ་དེས།
སྒམ་དང་མཛོད་དུ་ལུས་པའི་རིན་ཆེན་བཞིན།
རང་ཉིད་ལ་ཡོད་རུང་བའི་མཛེས་པ་དེ་ངོམས་མ་ཐུབ།

ཀླད་ཆེན་འདི
མཐའ་ཡས་པའི་རྒྱ་མཚོ་ལྟར་གཏིང་ཟབ་ལ།
ཚོར་རྟོག་དང་རིག་ཤེས།
རྦ་རླབས་བཞིན་ཤུགས་ཀྱིས་འཕྱུར་ཆོག་ཀྱང་།
ལེ་ལོ་ཡི་རླུང་བུ་ཟད་པོ་དེས།
རྒྱ་དང་གླིང་གར་བཅུག་པའི་སྟག་རྒོད་བཞིན།
རང་ཉིད་ལ་ཡོད་རུང་བའི་ཟིལ་ཤུགས་དེ་ངོམས་མ་ཐུབ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།