རི་བོ་ཉི་ཟླ་དྲན་ན།


ཀོང་ཇོ་ལགས
གློག་སྐུད་ཀྱིས་སྦྲེལ་བའི་གཉེན་འབྲེལ་དེས
ཁྱོད་རང་ངའི་ཆེས་ཐོག་མའི་མགྲོན་པོ་རུ་གྱུར
 
རྫུན་གྱི་ཁུག་མ་ལྟ་བུའི་མེ་ལོང་དེའི་ཁ་གཏད་ན
ཁྱེད་ཀྱི་གོམ་མཚམས་ག་ལེར་འཇོག་སྟངས་དེས
གང་ཞིག་གི་ཆེད་དུ་སུ་ཞིག་ལ་ཞེན་ཐག་གཅོད་ཀྱིན་ཡོད
 
མཆི་མས་བཀྲུས་པའི་ཉི་ཟླ་ཁ་སྤྲོད
འཆར་ནུབ་མེད་པར་རི་བོ་དེའི་གཡས་གཡོན་དུ་གདབ་སོང་བ
ཁྱེད་ཀྱིས་རི་བོ་འདི་བརྒལ་བའི་རྐང་རྗེས་ཡིན་ནམ
 
དོ་དགུང་ངས་རི་བོ་ཉི་ཟླ་དྲན་གྱིན་ཡོད
ནག་རོག་རོག་གི་རི་བོ་འདིའི་གཡས་གཡོན་ནས
ཉི་ཟླ་གཞན་ཞིག་འཕགས་ཡོང་བའི་རྨི་ལམ་གཏོང་གི་ཡོད
 
                     2011.11.11.11.11སྟེང་མལ་ཁང་དུ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་བོ་ཉི་ཟླ་དྲན་ན།

2011-11-19 གཉན་བུ། ཀློག་གྲངས། མཆན ཡོད།


ཀོང་ཇོ་ལགས
གློག་སྐུད་ཀྱིས་སྦྲེལ་བའི་གཉེན་འབྲེལ་དེས
ཁྱོད་རང་ངའི་ཆེས་ཐོག་མའི་མགྲོན་པོ་རུ་གྱུར
 
རྫུན་གྱི་ཁུག་མ་ལྟ་བུའི་མེ་ལོང་དེའི་ཁ་གཏད་ན
ཁྱེད་ཀྱི་གོམ་མཚམས་ག་ལེར་འཇོག་སྟངས་དེས
གང་ཞིག་གི་ཆེད་དུ་སུ་ཞིག་ལ་ཞེན་ཐག་གཅོད་ཀྱིན་ཡོད
 
མཆི་མས་བཀྲུས་པའི་ཉི་ཟླ་ཁ་སྤྲོད
འཆར་ནུབ་མེད་པར་རི་བོ་དེའི་གཡས་གཡོན་དུ་གདབ་སོང་བ
ཁྱེད་ཀྱིས་རི་བོ་འདི་བརྒལ་བའི་རྐང་རྗེས་ཡིན་ནམ
 
དོ་དགུང་ངས་རི་བོ་ཉི་ཟླ་དྲན་གྱིན་ཡོད
ནག་རོག་རོག་གི་རི་བོ་འདིའི་གཡས་གཡོན་ནས
ཉི་ཟླ་གཞན་ཞིག་འཕགས་ཡོང་བའི་རྨི་ལམ་གཏོང་གི་ཡོད
 
                     2011.11.11.11.11སྟེང་མལ་ཁང་དུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།