དུས་དྲན་བྱེད་ཚུལ་ཞིག

རྣམ་ཤེས་ཀྱི་གནས་མལ་རྙེད་པའི་ཉི་མ
ཤོག་སྐྱ་ལེབ་མོ་ཞིག་མི་ཡུལ་དུ་བཤམས་པའི་ཉི་མ
ཨ་མ་ཞེས་འབོད་མ་ཤེས་པར་ངུ་སྐད་བསྒྲགས་པའི་ཉི་མ
ཨ་མའི་མ་ངུ་ལོ་ལོ་ཟེར་བའི་ཉི་མ   བདག་གི་ཉི་མ་དང་པོ
 
རི་སྤྱང་རི་ནས་ངུས་པས     རྣམ་ཤེས་ས་ལ་ཕོག་སོང
ལོ་ཟླ་འགུལ་སོང     དུས་ཚོད་འདས་སོང
གྲངས་མེད་པའི་ཡིག་ཚོགས་ཀྱི་བར་ན
ལས་དབང་མཆི་མས་འབྲི་མི་དགོས་པའི་དུས་ཚོད་ག་ཙམ་ཡོད
 
ཀླད་དཀྱིལ་གྱི་སྐྲ་ལོའི་ཚོགས་ཟད་ཚར་དུས
སྤྱི་གཙུག་ནས་རྣམ་ཡང་མཛེས་པ་མི་ཡལ་བའི་མེ་ཏོག་ཅིག་བཞད་སྲིད་དམ
གལ་སྲིད     བཞད་སྲིད་པའི་དབང་དུ་བྱས་ན
དེ་ནི་བདག་གིས་ཁྱེད་ཅག་ལ་ཕུལ་བའི་ཆས་མཐའ་མའི་སྙན་ངག་དེ་ཡིན་ན་ཆོག
 
   གསལ་བཤད། ལོ་རེའི་སྤྱི་ཟླ༡༡པའི་ཚེས༨ཉིན་བདག་གི་སྐྱེས་སྐར་ཡིན་པས་སྙན་ངག་འདི༢༠༡༡ལོའི་ཟླ༡༡པའི་ཚེས༧ཉིན་དབུས་ལྷ་ལྡན་གྲོང་དུ་རང་གིས་རང་གི་སྐྱེས་སྐར་ལ་བྲིས་པའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་དྲན་བྱེད་ཚུལ་ཞིག

2011-11-14 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།

རྣམ་ཤེས་ཀྱི་གནས་མལ་རྙེད་པའི་ཉི་མ
ཤོག་སྐྱ་ལེབ་མོ་ཞིག་མི་ཡུལ་དུ་བཤམས་པའི་ཉི་མ
ཨ་མ་ཞེས་འབོད་མ་ཤེས་པར་ངུ་སྐད་བསྒྲགས་པའི་ཉི་མ
ཨ་མའི་མ་ངུ་ལོ་ལོ་ཟེར་བའི་ཉི་མ   བདག་གི་ཉི་མ་དང་པོ
 
རི་སྤྱང་རི་ནས་ངུས་པས     རྣམ་ཤེས་ས་ལ་ཕོག་སོང
ལོ་ཟླ་འགུལ་སོང     དུས་ཚོད་འདས་སོང
གྲངས་མེད་པའི་ཡིག་ཚོགས་ཀྱི་བར་ན
ལས་དབང་མཆི་མས་འབྲི་མི་དགོས་པའི་དུས་ཚོད་ག་ཙམ་ཡོད
 
ཀླད་དཀྱིལ་གྱི་སྐྲ་ལོའི་ཚོགས་ཟད་ཚར་དུས
སྤྱི་གཙུག་ནས་རྣམ་ཡང་མཛེས་པ་མི་ཡལ་བའི་མེ་ཏོག་ཅིག་བཞད་སྲིད་དམ
གལ་སྲིད     བཞད་སྲིད་པའི་དབང་དུ་བྱས་ན
དེ་ནི་བདག་གིས་ཁྱེད་ཅག་ལ་ཕུལ་བའི་ཆས་མཐའ་མའི་སྙན་ངག་དེ་ཡིན་ན་ཆོག
 
   གསལ་བཤད། ལོ་རེའི་སྤྱི་ཟླ༡༡པའི་ཚེས༨ཉིན་བདག་གི་སྐྱེས་སྐར་ཡིན་པས་སྙན་ངག་འདི༢༠༡༡ལོའི་ཟླ༡༡པའི་ཚེས༧ཉིན་དབུས་ལྷ་ལྡན་གྲོང་དུ་རང་གིས་རང་གི་སྐྱེས་སྐར་ལ་བྲིས་པའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།