ངའི་སློབ་གྲོགས་ཚོ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-24

                       —རང་ཉིད་ནང་དུ་འདུས་པའི་སློབ་གྲོགས་སྐོར་ཞིག་ལ།
                                
ངའི་སློབ་གྲོགས་ཚོ་བྱ་ཞིག་ཡིན
འཕུར་འདོད་ཡོད་ལ་གནམ་འཕང་དབེན་པའི་བྱ་ཞིག་ཡིན
གཤོག་སྒྲོ་ཡོད་ལ་གཤོག་རྩལ་མེད་པའི་བྱ་ཞིག་ཡིན
བྱ་འདི་ཚོར་གཤོག་སྒྲོ་ཡོད
བྱ་འདི་ཚོར་འཕུར་འདོད་ཆེ
ཡིན་ནའང  རྒོད་པོ་འཕུར་ཤུལ་གྱི་གནམ་འཕང་དེར
གཤོག་སྒྲོ་ཡོད་ལ་འཕུར་འདོད་ཆེ་བའི་བྱ་འདི་ཚོ་ཤོང་གི་མེད
ངའི་སློབ་གྲོགས་ཚོ་ཁྱིམ་བྱ་དེ་ཡིན་འདུག
 
ངའི་སློབ་གྲོགས་ཚོ་རྟ་ཞིག་ཡིན
རྒྱུག་འདོད་ཡོད་ལ་རྒྱུག་ལམ་དབེན་པའི་རྟ་ཞིག་ཡིན
སུག་པ་ཡོད་ལ་བང་རྩལ་མེད་པའི་རྟ་ཞིག་ཡིན
རྟ་འདི་ཚོར་རྒྱུག་འདོད་ཡོད
རྟ་འདི་ཚོར་གོམ་ལག་འཛོམས
ཡིན་ནའང   ཅང་ཤེས་རྒྱུག་ཤུལ་གྱི་བཤུལ་ལམ་དེར
རྒྱུག་འདོད་ཡོད་ལ་གོམ་ལག་འཛོམས་པའི་རྟ་འདི་ཚོ་ཚུད་ཀྱི་མེད
ངའི་སློབ་གྲོགས་ཚོ་མངོན་རྟ(1)་དེ་ཡིན་འདུག
           ༢༠༡༡ ༡༠ ༡༤དཔེ་ཀློག་ཁང་ནས་ཤར་མར་སྦྱར།
   མཆན།(1)ལྗོངས་རྒྱུ་དང་གནས་སྐོར་ས་ཆ་སོགས་ན་ཡོད་པའི་པར་རྒྱུག་བྱེད་དང་གནས་སྐོར་བར་རྟ་ཟེར་བ་འདི་རེད་ཞེས་མངོན་སྤྱད་ཀྱི་རྟ་དེར་ཟེར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་སློབ་གྲོགས་ཚོ།

2011-10-24 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

                       —རང་ཉིད་ནང་དུ་འདུས་པའི་སློབ་གྲོགས་སྐོར་ཞིག་ལ།
                                
ངའི་སློབ་གྲོགས་ཚོ་བྱ་ཞིག་ཡིན
འཕུར་འདོད་ཡོད་ལ་གནམ་འཕང་དབེན་པའི་བྱ་ཞིག་ཡིན
གཤོག་སྒྲོ་ཡོད་ལ་གཤོག་རྩལ་མེད་པའི་བྱ་ཞིག་ཡིན
བྱ་འདི་ཚོར་གཤོག་སྒྲོ་ཡོད
བྱ་འདི་ཚོར་འཕུར་འདོད་ཆེ
ཡིན་ནའང  རྒོད་པོ་འཕུར་ཤུལ་གྱི་གནམ་འཕང་དེར
གཤོག་སྒྲོ་ཡོད་ལ་འཕུར་འདོད་ཆེ་བའི་བྱ་འདི་ཚོ་ཤོང་གི་མེད
ངའི་སློབ་གྲོགས་ཚོ་ཁྱིམ་བྱ་དེ་ཡིན་འདུག
 
ངའི་སློབ་གྲོགས་ཚོ་རྟ་ཞིག་ཡིན
རྒྱུག་འདོད་ཡོད་ལ་རྒྱུག་ལམ་དབེན་པའི་རྟ་ཞིག་ཡིན
སུག་པ་ཡོད་ལ་བང་རྩལ་མེད་པའི་རྟ་ཞིག་ཡིན
རྟ་འདི་ཚོར་རྒྱུག་འདོད་ཡོད
རྟ་འདི་ཚོར་གོམ་ལག་འཛོམས
ཡིན་ནའང   ཅང་ཤེས་རྒྱུག་ཤུལ་གྱི་བཤུལ་ལམ་དེར
རྒྱུག་འདོད་ཡོད་ལ་གོམ་ལག་འཛོམས་པའི་རྟ་འདི་ཚོ་ཚུད་ཀྱི་མེད
ངའི་སློབ་གྲོགས་ཚོ་མངོན་རྟ(1)་དེ་ཡིན་འདུག
           ༢༠༡༡ ༡༠ ༡༤དཔེ་ཀློག་ཁང་ནས་ཤར་མར་སྦྱར།
   མཆན།(1)ལྗོངས་རྒྱུ་དང་གནས་སྐོར་ས་ཆ་སོགས་ན་ཡོད་པའི་པར་རྒྱུག་བྱེད་དང་གནས་སྐོར་བར་རྟ་ཟེར་བ་འདི་རེད་ཞེས་མངོན་སྤྱད་ཀྱི་རྟ་དེར་ཟེར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།