སེམས་འགྱུ།


རི་བོང་གི་ཟླ་བ་དེས
སྙིང་ཐུབ་ཀྱི་སྒེག་པ་འཕྲོག
དེ་དུས          སྐར་ཚོགས་ཀྱི་དམག་དཔུང་གིས
གྲོགས་དན་གྱི་དོར་ཁ་བརྩིགས་སོང་་་་་་་་

ཏག་ཏག        སྐར་ཁུང་ལས
འུག་པའི་སྙིང་གཏམ་གསལ་ལ
སྐར་མདའི་སྟོབས་ཤུགས་མངོན
གང་ཞིག་ལ་སྐྲག་པ་ལྟར     རྒྱང་རིང་གི་ལྷས་རའི་གམ་ན
སྒོ་ཁྱིའི་ཟུག་སྐད་ཀྱང་འཇགས

ངས་སྙིང་ཐུབ་བསྒོམ་མོད     སྙིང་ཐུབ་ཀྱིས་ཟླ་བ་བསྒོམ
སྒོམ་པའི་འཇིག་རྟེན་དེ་ནས      རང་དབང་མེད་པར
དབུགས་དབྱུང་དབེན་པར
མི་ཡུལ་དུ་རྔུལ་ཆུའི་ཐིགས་པ་རེ་རེ་མུ་ཏིག་གི་ཚུལ་དུ་ཟགས

འཐབ་རྩོད་དེ་རྣོ་ངར་དུ་འགྲོ་བའི་མོད་ལ
ཆེས་གསལ་ཐག་ཆོད་པའི་རྨི་ལམ་ནི
བྱ་ཕོའི་ཀེག་སྐད་རེད       ཤར་རིའི་ཉི་འོད་རེད
བྱིས་པ་ཚོས་དཔེ་ཀློག་གི་དབྱངས་རྟ་སྙན་མོ་དེ་ཡང་ཡིན་སྲིད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་འགྱུ།

2011-10-17 སྙན་བཟང་བྱམས་པ། ཀློག་གྲངས། མཆན ཡོད།


རི་བོང་གི་ཟླ་བ་དེས
སྙིང་ཐུབ་ཀྱི་སྒེག་པ་འཕྲོག
དེ་དུས          སྐར་ཚོགས་ཀྱི་དམག་དཔུང་གིས
གྲོགས་དན་གྱི་དོར་ཁ་བརྩིགས་སོང་་་་་་་་

ཏག་ཏག        སྐར་ཁུང་ལས
འུག་པའི་སྙིང་གཏམ་གསལ་ལ
སྐར་མདའི་སྟོབས་ཤུགས་མངོན
གང་ཞིག་ལ་སྐྲག་པ་ལྟར     རྒྱང་རིང་གི་ལྷས་རའི་གམ་ན
སྒོ་ཁྱིའི་ཟུག་སྐད་ཀྱང་འཇགས

ངས་སྙིང་ཐུབ་བསྒོམ་མོད     སྙིང་ཐུབ་ཀྱིས་ཟླ་བ་བསྒོམ
སྒོམ་པའི་འཇིག་རྟེན་དེ་ནས      རང་དབང་མེད་པར
དབུགས་དབྱུང་དབེན་པར
མི་ཡུལ་དུ་རྔུལ་ཆུའི་ཐིགས་པ་རེ་རེ་མུ་ཏིག་གི་ཚུལ་དུ་ཟགས

འཐབ་རྩོད་དེ་རྣོ་ངར་དུ་འགྲོ་བའི་མོད་ལ
ཆེས་གསལ་ཐག་ཆོད་པའི་རྨི་ལམ་ནི
བྱ་ཕོའི་ཀེག་སྐད་རེད       ཤར་རིའི་ཉི་འོད་རེད
བྱིས་པ་ཚོས་དཔེ་ཀློག་གི་དབྱངས་རྟ་སྙན་མོ་དེ་ཡང་ཡིན་སྲིད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།