སེམས་ཚོར་དར་རྐྱང་མ།༼ཞར་བཀོད་གཉིས་ཡོད༽

སེང་ཆེན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-11


          སེམས་པའི་མིག་ཆུ
གནམ་ཁ་ལྟ་བུའི་ངོ་གདོང་གི་འཇིག་རྟེན་དུ
ངས་སྤྲིན་པ་དཀར་ནག་ཟུང་གཅིག
མིག་ཟུང་ཡིན་པར་ཞེ་བློ་གཏད
ཆར་ཆུའི་རྡོག་པ་རེ་རེ
ངའི་སེམས་པའི་གཞི་རུ
བསྟིམས་ཏེ་འཐིམ་པས
སྨྱུག་གུ་དང་ཤོག་བུ་སོགས་ཅིག་ཅར་བརླན་བྱུང

        སེམས་ནག་མ
ཕྱི་ནང་ཐམས་ཅད
དྲེག་སྨག་ནང་བཞིན   ཧ་ཅང་ནག་དྲགས་པས
ངས་ཁྱོད་ལ་ཁ་བྱང་གི་རྫོངས་པ་ཕུལ
མུན་སྨག་གི་གྱོན་ཆས་ནག་པོ་དེ
བཙོན་ཁང་གི་གྱང་རོ་དང
གཡུལ་སའི་བཙན་རྫོང་ཇི་བཞིན
ཕ་མས་བསྩལ་བའི་དྭངས་གཙང་གི་ནམ་མཁའ་དང
ཁོད་ཡངས་པའི་ས་གཞི་ཆེན་པོ
རོག་རོག་གེར་བསྐྱིལ་ནས
ཁ་དོག་མི་མངོན་ཞིང་དྲི་མ་མི་ཚོར་བར་པས
ངས་ཁྱོད་ལ་སེམས་ནག་མས་ཆོ་ལོ་སྦྱར

     སེམས་ཚོར་དར་རྐྱང་མ
རང་བྱུང་གི་མཁའ་དབུགས་ཧུབ་ཀྱིས་རྔུབ་ཐེངས་ཤིག་གིས
བར་སྣང་ན་འཁྱམས་པའི་ས་རྡུལ་དང་ཆུ་རྡུལ་གང་མང་ཞིག་གདོང་ཐུག་བརྒྱག་ཏུ་བཅུག་སོང
སའི་བྲང་ཁོག་ལ་དལ་གྱིས་འཕོངས་གིས་སྦྱར་བས
གྲོག་མ་མིག་མེད་དང    ཡལ་གའི་བརྩེ་ཞགས་དང་གྱེས་པའི་ལོ་འདབ་ཚོགས་ཤིག་གིས
སིག་སིག་གིས་རྣམ་འགྱུར་ཉི་ཚེ་བ་ཞིག་བསྟན
གནམ་ཁ་ཞེང་ཆེ་རུང
ས་དབང་ཐང་དར་ཡང
ང་གཞན་གྱི་མིག་གོང་དུ་འཚོ་བ་ལས
རང་གི་སེམས་ལྗོངས་དུ་འཚོ་བར་སྤྲོ

                            ༢༠༡༡   ༨   ༡༥ཉིན་ཕ་ཡུལ་གཅན་ཚ་ནས་གྲུབ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཚོར་དར་རྐྱང་མ།༼ཞར་བཀོད་གཉིས་ཡོད༽

2011-10-11 སེང་ཆེན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།


          སེམས་པའི་མིག་ཆུ
གནམ་ཁ་ལྟ་བུའི་ངོ་གདོང་གི་འཇིག་རྟེན་དུ
ངས་སྤྲིན་པ་དཀར་ནག་ཟུང་གཅིག
མིག་ཟུང་ཡིན་པར་ཞེ་བློ་གཏད
ཆར་ཆུའི་རྡོག་པ་རེ་རེ
ངའི་སེམས་པའི་གཞི་རུ
བསྟིམས་ཏེ་འཐིམ་པས
སྨྱུག་གུ་དང་ཤོག་བུ་སོགས་ཅིག་ཅར་བརླན་བྱུང

        སེམས་ནག་མ
ཕྱི་ནང་ཐམས་ཅད
དྲེག་སྨག་ནང་བཞིན   ཧ་ཅང་ནག་དྲགས་པས
ངས་ཁྱོད་ལ་ཁ་བྱང་གི་རྫོངས་པ་ཕུལ
མུན་སྨག་གི་གྱོན་ཆས་ནག་པོ་དེ
བཙོན་ཁང་གི་གྱང་རོ་དང
གཡུལ་སའི་བཙན་རྫོང་ཇི་བཞིན
ཕ་མས་བསྩལ་བའི་དྭངས་གཙང་གི་ནམ་མཁའ་དང
ཁོད་ཡངས་པའི་ས་གཞི་ཆེན་པོ
རོག་རོག་གེར་བསྐྱིལ་ནས
ཁ་དོག་མི་མངོན་ཞིང་དྲི་མ་མི་ཚོར་བར་པས
ངས་ཁྱོད་ལ་སེམས་ནག་མས་ཆོ་ལོ་སྦྱར

     སེམས་ཚོར་དར་རྐྱང་མ
རང་བྱུང་གི་མཁའ་དབུགས་ཧུབ་ཀྱིས་རྔུབ་ཐེངས་ཤིག་གིས
བར་སྣང་ན་འཁྱམས་པའི་ས་རྡུལ་དང་ཆུ་རྡུལ་གང་མང་ཞིག་གདོང་ཐུག་བརྒྱག་ཏུ་བཅུག་སོང
སའི་བྲང་ཁོག་ལ་དལ་གྱིས་འཕོངས་གིས་སྦྱར་བས
གྲོག་མ་མིག་མེད་དང    ཡལ་གའི་བརྩེ་ཞགས་དང་གྱེས་པའི་ལོ་འདབ་ཚོགས་ཤིག་གིས
སིག་སིག་གིས་རྣམ་འགྱུར་ཉི་ཚེ་བ་ཞིག་བསྟན
གནམ་ཁ་ཞེང་ཆེ་རུང
ས་དབང་ཐང་དར་ཡང
ང་གཞན་གྱི་མིག་གོང་དུ་འཚོ་བ་ལས
རང་གི་སེམས་ལྗོངས་དུ་འཚོ་བར་སྤྲོ

                            ༢༠༡༡   ༨   ༡༥ཉིན་ཕ་ཡུལ་གཅན་ཚ་ནས་གྲུབ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།