ཇོབ་སིར་ཕུལ་བ།


ཀུ་ཤུ་ཞིག་བཟའ་འཕྲོར་ངས་ཀྱང་བཞག་མྱོང་།
ཏིང་འཛིན་གྱི་རོ་ལ་ང་ཡང་སྲེད་མྱོང་།
ཡིན་ཡང་།   ཀུ་ཤུའི་རོ་མངར་ཙམ་དེ་ག་ནས་བཞག་སྟེ།
ཏིང་འཛིན་གྱི་བདེ་བས་རང་སེམས་བཀྲུས་རྗེས།
མི་རྣམས་ལ་ཀུ་ཤུའི་རོ་བྲོ་གཞན་ཞིག་མྱོང་དུ་འཇུག་མཁན་དེ།
ཁྱོད་ཁོ་ན་མ་ཡིན་ནམ།
 
འུ་གཉིས་ཀྱི་དད་ས་ནང་བསྟན་ཙམ་ཡིན་པས་མ་རེད།
ཁྱེད་ཀྱིས་ངའི་སྐད་ཡིག་ལ་གདེང་འཇོག་ཙམ་བྱས་པས་ཀྱང་མ་རེད།
ཡིན་ཡང་།  ཁྱེད་ཉི་མ་བཞིན་ཤར་ཏེ་ཉི་མ་བཞིན་ནུབ་སོང་ན།
གོ་ལ་འདིའི་ཕར་ཚུར་གྱི་ཁ་ཐག་ལ་ལྟོས་པ་མེད་པར།
ང་ལ་ཅི་ཡིན་འདི་ཡིན་མི་ཤེས་པའི་སྐྱོ་བ་ཞིག་ངང་གིས་འཁོར་ཡོང་།
ད་ལྟའི་བར་དུ་ཇོབ་སིའི་ipadདང་།
ཇོབ་སིའི་iphoneསོགས་ཀྱི་འཛད་སྤྱོད་པ་ཞིག་ཏུ་འགྱུར་མ་ཐུབ་ནའང་།
          2011/10/6ཉིན་གྱི་ཞོགས་པར་སྐུ་ཞབས་ཇོབ་སི་མཆོག་དགོངས་པ་རྫོགས་པའི་ཚུལ་ལག་འཁྱེར་གསར་འགྱུར་དུ་འབྱོར་རྗེས་ཕངས་སེམས་དང་བཅས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཇོབ་སིར་ཕུལ་བ།

2011-10-10 འཆིང་གྲོལ། ཀློག་གྲངས། མཆན ཡོད།


ཀུ་ཤུ་ཞིག་བཟའ་འཕྲོར་ངས་ཀྱང་བཞག་མྱོང་།
ཏིང་འཛིན་གྱི་རོ་ལ་ང་ཡང་སྲེད་མྱོང་།
ཡིན་ཡང་།   ཀུ་ཤུའི་རོ་མངར་ཙམ་དེ་ག་ནས་བཞག་སྟེ།
ཏིང་འཛིན་གྱི་བདེ་བས་རང་སེམས་བཀྲུས་རྗེས།
མི་རྣམས་ལ་ཀུ་ཤུའི་རོ་བྲོ་གཞན་ཞིག་མྱོང་དུ་འཇུག་མཁན་དེ།
ཁྱོད་ཁོ་ན་མ་ཡིན་ནམ།
 
འུ་གཉིས་ཀྱི་དད་ས་ནང་བསྟན་ཙམ་ཡིན་པས་མ་རེད།
ཁྱེད་ཀྱིས་ངའི་སྐད་ཡིག་ལ་གདེང་འཇོག་ཙམ་བྱས་པས་ཀྱང་མ་རེད།
ཡིན་ཡང་།  ཁྱེད་ཉི་མ་བཞིན་ཤར་ཏེ་ཉི་མ་བཞིན་ནུབ་སོང་ན།
གོ་ལ་འདིའི་ཕར་ཚུར་གྱི་ཁ་ཐག་ལ་ལྟོས་པ་མེད་པར།
ང་ལ་ཅི་ཡིན་འདི་ཡིན་མི་ཤེས་པའི་སྐྱོ་བ་ཞིག་ངང་གིས་འཁོར་ཡོང་།
ད་ལྟའི་བར་དུ་ཇོབ་སིའི་ipadདང་།
ཇོབ་སིའི་iphoneསོགས་ཀྱི་འཛད་སྤྱོད་པ་ཞིག་ཏུ་འགྱུར་མ་ཐུབ་ནའང་།
          2011/10/6ཉིན་གྱི་ཞོགས་པར་སྐུ་ཞབས་ཇོབ་སི་མཆོག་དགོངས་པ་རྫོགས་པའི་ཚུལ་ལག་འཁྱེར་གསར་འགྱུར་དུ་འབྱོར་རྗེས་ཕངས་སེམས་དང་བཅས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།