མི་རྟག་པ།༼ཞར་བཀོད་གཉིས་ཡོད༽

ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་ཚོན་ཁྲ་དག་གིས།
སྤང་ལྗོངས་དང་ནམ་མཁའི་ངོས་ལ་རི་མོ་སྣ་ཚོགས་འགོད་པར་བྱེད་དུས།
འཇིག་རྟེན་འདི་ཁོ་ན་ཇི་སྲིད་དུ་དབང་ངོ་སྙམ་འོངས།
དེ་དང་མཉམ་དུ་སྐྱོ་གདུང་ཙམ་སེལ་བར།
དབྱར་གཞུང་འདི་ལས་ལྷག་པ་ཞིག་མི་དགོས་སྙམ་འོངས།
 
ནམ་ཞིག་ལ་འཆི་རྒྱུ་ཡིན་པར་སྔ་མོ་ནས་ཤེས་ནའང་།
འཆི་བའི་ཉིན་མོ་དེ་ནམ་ཞིག་ཡིན་པ་ཤེས་ཐབས་མི་འདུག
དེ་དང་འདྲ་བར་ཕྱེ་མ་ལེབ་དེ་གར་སོང་ཤེས་ཐབས་མི་འདུག
དེའི་གཤོག་པའི་ཚོན་ཁྲ་དང་།
དབྱར་གཞུང་ཧྲིལ་བོ་དེའང་རྙེད་ཐབས་མི་འདུག
བཙལ་བཙལ་མཐར་སྐད་ཅིག་སྐད་ཅིག་ལ་སྐྱེས་པའི་ཕངས་སེམས་དག་གིས།
བྱང་ཆུབ་ཤིང་དྲུང་ནས་ད་བཟོད་མཐོང་ཐུབ་པའི།
ས་སྲོད་མག་མོག་ཅིག་དྲན་དུ་འཇུག་ངེས།
 
དུས་ཚོད་ནི་བཅའ་ཁྲིམས་ལྕི་མོ་དེ་ཚོ་དང་འདྲ་བར།
མི་འདོད་ནའང་བཙན་གྱིས་སླེབས་ཡོང་།
བཅའ་ཁྲིམས་དེ་དག་གི་ཁྲོད་ནས།
བདེ་བ་ཙམ་རྙེད་རྒྱུ་ནི་ཆེས་དཀའ་བ་ཇི་བཞིན།
དུས་ཚོད་དེ་དག་གི་ཁྲོད་ནས།
སྐད་ཅིག་མའི་རྟོགས་པ་སད་རྒྱུ་ནི་ཇི་འདྲའི་དཀའ་ཨང་།
                        2011/10/5
 
      ཉི་མ་དེ་ག་དུས་འཆར་རམ།
 མཚན་མོ་འདི་རིང་དྲགས་པའམ།
ཡང་ན་མུན་པ་འདི་མཐུག་དྲགས་པས།
ལག་པའི་ངོས་ཀྱི་རི་མོ་དག་ཀྱང་།
ཆེས་མཛེས་པའི་ཁ་དོག་དག་དང་མཉམ་དུ་བོར་ཚར།
གནའ་བོའི་བཙན་པོ་དཔུང་སྡེབ་ཀྱི་གཏམ་རྒྱུད་དག
སྐབས་སྐབས་སུ་གཡེར་དྲིལ་ལས་མཆེད་འོངས་པ་ཡང་།
སྦྲང་ནག་གཅིག་ཁོ་ནའི་གཤོག་ཟུང་ལ་བསྒོས་པའི།
དྲི་མ་རྫོབ་པོ་དེས་གཅིར་སོང་།
འཇིག་རྟེན་གྱི་སྐྱེ་དངོས་མཐའ་དག
ཁ་དོག་གཅིག་ཉིད་ཀྱི་ངོ་བོར་སོང་དུས།
སེམས་ཀྱི་ཟབ་སར་ཟུག་པའི་དམ་བཅའ་ལ།
ཁེར་རྐྱང་གི་སྣང་བ་གཞན་ཞིག་འཁོར་ཡོང་།
མུན་པ་འདི་རས་ཡུག་གཤག་གཤག་བྱེད་མ་ཐུབ་ཚེ།
རིམ་པ་བཅོ་བརྒྱད་པའི་མུན་དོང་འདི་རུ།
ཕྱི་རོལ་གྱི་སྣང་བ་གང་ཞིག་ལ་སྒུག་དགོས་རེད་ཨང་།
                                 2011/8/26
 
             གྲིབ་མར་གཡོལ་བ།
 ཉི་མ་འདི་ཐག་པས་རྟོད་ཆོག་ན་དགའ་བ་ལ།
འཐུང་འཕྲོར་ལུས་པའི་ཇ་འཁྱགས་འདིར་སྦྲང་ནག་ཅིག་ལྷུང་སོང་།
འདིའི་གཤོག་པའི་བརླན་གཤེར་སྲད་པར་སྐར་ཆ་འགས་ཆོག་ངེས།
སྐར་ཆ་འགའི་རྗེས་ནས་བདག་ཀྱང་ཁང་བར་འཛུལ་ཆོག
དུས་ཚོད་ཕྱེད་ཀའི་སྔོན་ཏག་ཏག་ལ།
བདག་གིས་ཀྱང་ཉི་ཕུག་འདི་གཟས་ནས་ཡོང་བ་ཇི་བཞིན།
སྦྲང་ནག་འདི་ཡང་སྟོན་མཇུག་གི་དྲོད་ཁོལ་ཙམ་འཚོལ་དུ་ཡོང་བ་ཡིན་ངེས།
གྲིབ་མ་ནི་ནད་ཡམས་ཆེན་པོ་ཞིག་དང་འདྲ་བར།
ཤེས་མེད་ཚོར་མེད་དུ་བར་ཐག་ཆེས་ཉེ་སར་ཐོན་དུས།
ཚེ་སྲོག་ནི་སྐར་ཆ་གཅིག་ལའང་སྒུག་མི་བཟོད་པ་ཞིག་རེད་ཨང་།
                                       2011/9/12
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རྟག་པ།༼ཞར་བཀོད་གཉིས་ཡོད༽

2011-10-10 འཆིང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།