གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ལྭ།

2011-12-31 13:19:00 གྲ་གཉེན་ཚེ་རྒྱལ། ཀློག་གྲངས། མཆན ཡོད།


བོད་ལྭ་གྱོན་ཐེངས་རེ་རེ་ནི་བརྙན་པར་བརྡབ་ཐེངས་རེ་རེ་ཡིན་ལ།
དུས་ཆེན་ལ་རོལ་ཐེངས་རེ་རེ་ཡང་ཡིན།
 
བོད་ལྭ་དང་ཀ་ཅི་གྲོགས་སུ་སྡེབ་པ་ནི་ལུགས་སྲོལ་གསར་བ་ཞིག་སྟེ།
བོད་ལྭའི་སྟེང་དུ་གོང་དཀྲིས་དཀྲི་བ་དང་།
ཏིང་ཙོག་འཇུར་རྟའི་རམ་འདེགས་བྱེད་དང་མཚུངས།
 
མཛེས་ཆོས་གྱུར་བ་ཡིན་སྲིད་ལ།
དུས་རབས་སམ་མི་སེམས་གྱུར་བ་ཡང་སྲིད་མོད།
བརྙན་པར་གྱི་ངོས་སུ་འདར་གྱིན་པའི་བོད་ལྭ།
དུས་ཆེན་རེ་རེ་རོལ་རྗེས་ཕུད་གྱིན་པའི་བོད་ལྭ།
ལོངས་སུ་སྤྱོད་མཁན་གོས་སྒམ་ཁོ་ན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།