རྨི་ལམ་ནང་གི་གསང་བ།༼སྙན་ཚོམ༽

དགའ་བཀྲ་ཤིས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-30

     ༡   བྱུ་རུའི་མཆུ་སྒྲོས།
བལ་འཇམ་གཡང་གི་མཆོད་པ་དྭངས་མ་ཞིག་དང་།
རྫ་ཆུ་བསིལ་མ་དག་ལ་རྟོག་བཟོ་བྱེད་ཞོར་དུ།
རིགས་བཟང་མའི་སེམས་གཏིང་ནས་མེ་ལྕེ་དྲགས་ཏུ་མཆེད་ཡོང་ལ།
རས་ཐུམ་དམར་པོས་གཡོག་པའི་གཅེས་མ་ཞིག་ཀྱང་འབུར་ཡོང་ཡ
 
མི་ལོ་དུ་མའི་རྗེས་སུ།
ཁྱོད་ཀྱིས་མགོ་བོ་ཕྱི་རོལ་ལ་སྲིང་ནས་འོད་ཀྱི་ནམ་མཁའ་ཞིག་མཐོང་ཐེངས་རེར།
བདག་གི་སེམས་པ་དཀར་པོ་ཁྱོད་ཀྱི་མིག་མདུན་དུ་ཡང་ཡང་འགྲིལ་ནས།
དམར་པོ་མེ་ཕུང་ལྟ་བུའི་མཆུ་སྒྲོས་འབྱིན་ངེས།
 
གལ་ཏེ།  གོ་སྐབས་དེ་དག་ངོ་ཚའམ་སྐྲག་སྣང་གིས་བཅོམ་སོང་ན །
སེར་ཆེན་མེ་ཏོག་རྐང་གཅིག་གིས་གྲུ་ཟུར་གཞན་ཞིག་ངོ་སྤྲོད་ངེས།
       ༢  ཕྱེ་ལེབ་སྒེག་མོ།
ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་དགུན་གཞུང་ཞིག་ལ།
ཁྱོད་ཀྱིས་བདག་འགྲམ་ནས་མེ་བུས་ཤིང་ཇ་བསྐོལ་ནའང་།
བདག་གིས་ངལ་གསོ་བའི་ཚུལ་གྱིས་ཡང་ཡང་ཆང་འཐུང་བ་མིན་ནམཡ
 
ཁྱོད་ཀྱིས་བྱིན་པའི་མངར་མོའི་ནམ་མཁའ་དེའི་རྐྱེན་གྱིས།
ཕྱིས་སུ།  ཆུ་ཐིགས་དྭངས་མ་དག་ཟེགས་མ་མཆེད་པ་བཞིན་མཐོང་ཐེངས་རེར།
བདག་གིས་རང་ཉིད་ཀྱི་མཆུ་འདབ་དྲན་ཡོང་།
     ༣  སྤྲིན་དཀར་ལེབ་མོ།
དྭངས་གཙང་གི་འོ་མའི་རླངས་པ་ཇི་བཞིན་དུ།
རྩྭ་ཐང་གི་ནམ་མཁའ་ནས་ནམ་མཁའི་རྟ་རྒྱུག་ཐང་གི་བར།
ནམ་ཡང་།  ཁྱོད་ཉིད་སྤྲིན་དཀར་ལེབ་མོ་བཞིན།
 
རས་ཐུམ་ནག་པོ་ཞིག་འབད་པས་བཤུ་དུས།
གྲིབ་མ་དང་རབ་རིབ་ཅི་ཡང་མེད་པར།
སླར་ཡང་།   ཁྱོད་ཉིད་དྲི་ཞིམ་གྱི་འོ་མ་ཇི་བཞིན་དུ།
ངའི་སྐོམ་གདུང་གི་རྨ་ཁ་ཐ་དག་གསོས་ཚར་འདུག
       ༤  འོ་ཆུ་འདྲེས་མ།
ལྕུག་ཕྲན་གྱི་ཡང་སྟེང་ན་འཇའ་ཚོན་ལྟར་སྙིང་དུ་སྡུག
ཆར་ཞོད་དང་ཕ་བོང་ཉུང་ས་ཞིག
 
ཁྱོད་ཀྱི་ཡིད་འོང་གི་ལང་ཚོ་དེ་ལ།
མཚམས་སྤྲིན་དྭངས་མའི་ཁ་རླངས་ཀྱང་འདྲོག་ནས་ཡོད།
དེའི་རྐྱེན་པས།   ཁྱོད་ལ་དྲི་མ་ཐམས་ཅད་ཀྱིས་མ་གོས།
ཕྱི་ནང་བར་གསུམ་མེ་ལོང་བཞིན་གཙང་ཞིང་དྭངས།
 
ཨ་མའི་ཁོག་གི་གཅེས་མ་དང་།
གཅེས་མའི་མིག་གི་ཨ་མ།
      ༥  དྲི་ཞིམ་མེ་ཏོག
ང་རང་དགའ་སའི་མེ་ཏོག་སེར་ཆེན་དང་།
ཁྱོད་རང་དུངས་སའི་གཡུ་སྦྲང་གཞོན་ནུ །
 
སྔོན་བྱོན་གྱི་གཏམ་རྒྱུད་ཡོད་ཚད །  ད་ལྟ་ལྗང་ལོ་ཇི་བཞིན་དུ།
སེམས་ཁོང་གི་ཟབ་ས་ནས་དལ་བུར་འབུས་དུས།
རང་ཉིད་གྲགས་མེད་འགུལ་མེད་དུ་བཏང་བྱུང་།
 
བཏང་སྙོམས་དུ་བསྡད་ནས་བསམ་གཞིགས་བྱ་ཐེངས་རེར་དང་།
ཐ་མག་འཐེན་ནས་རྒྱང་ལྟ་བྱ་ཐེངས་རེར།
བདག་གི་སྣ་ལམ་དུ་མེ་ཏོག་གི་དྲི་ཞིམ་འཐུལ་འོངས།
དེ་ནི་ཏག་ཏག་དྲན་པའི་མེ་ཏོག་སེར་ཆེན་རྐང་གཅིག་པོ་སྟེ།
སེམས་གཏིང་གི་དཀྱིལ་འཁོར་ན་རྩེན་པའི་མགོ་དཀྲིས་གཡུ་ལོ་ཅན།
         ༦  འདྲ་པར་དང་བདག་མིག
བུ་ཡུག་དང་བཙག་རླུང་འཚུབ་རུང་།   གྲིབ་མ་དང་དུ་སྤྲིན་འཐིབ་རུང་།
ཁྱོད་ཀྱི་ངོ་གདོང་གི་ཆུ་ཤེལ་གསལ་ལམ་མེར་མཐོང་བྱུང་།
 
དཀར་ནག་གི་དབྱེ་མཚམས་གང་རུང་ནས།
ངས་ཁྱེད་ཀྱི་འགྲམ་ནས་སྙན་ངག་བྲིས་ཤིང་འདས་སོང་གི་གཏམ་རྒྱུད་ཀློག
ངས་ཁྱོད་ཀྱིས་མདུན་ནས་ཆང་འཐུང་ཞིང་ཐ་མག་བསྒྲོན །
 
མིག་གིས་བལྟ་ས་དང་སེམས་ཀྱིས་ཉན་ས་ཁྱོད།
ཡིད་ཀྱི་སྒྲ་དབྱངས་དང་མིག་གི་འོད་སྣང་ཁྱོད།
            ༧  གལ་ཏེ།   ང་རང་ལུང་ཁོག་ནས་ལུས་སོང་ན །
གལ་ཏེ།   ང་རང་ལུང་ཁོག་ནས་ལུས་སོང་ན །
ཁྱོད་ཀྱིས་ངའི་ལུས་སྟེང་གི་ས་རྡུལ་དག་དལ་བུར་སྤྲུགས་ཏེ།
སེམས་ཀྱི་འོ་མ་ན་འཆར་བཞིན་པའི་སྙན་ངག་རྣམས་རེ་རེ་བཞིན་གྱེར་རོགས།
 
གལ་ཏེ།   ང་རང་ལུང་ཁོག་ནས་ལུས་སོང་ན །
ཁྱོད་ཀྱིས་ང་ཡི་སྙིང་གཏམ་ཐ་དག་གཞན་ལ་མ་བཤད །
གལ་ཏེ་སྙིང་གཏམ་དེ་དག་དྲི་བཞོན་གྱི་བུ་མོས་བཅིབས་སོང་ན །
བདག་གིས་ལན་ཆགས་གྲངས་མེད་ཀྱི་རྡོག་ཁྲེས་ཁུར་དགོས།
 
གལ་ཏེ།   ང་རང་ལུང་ཁོག་ནས་ལུས་སོང་ན །
ཁྱོད་གྱིས་གྲོང་ཁྱེར་ནས་ཁ་པར་མི་གཏོང་བར་ཞུ།
རྫུ་འཕྲུལ་གྱི་གློག་ཆས་དེ་དག་གིས་ང་རང་་ཅི་བྱ་གཏོལ་མེད་དུ་གཏོང་ངེས།
 
གལ་ཏེ།   ང་རང་ལུང་ཁོག་ནས་ལུས་སོང་ན །
ཁྱོད་ཀྱི་སེམས་ལ་བཞག་པའི་རྨ་ཁ་དེ་ཙན་དན་མེ་ཏོག་གིས་གསོ་རོགས།
ང་ཡིས་ཁ་བའི་ཟེགས་མ་འཐུས་རྗེས།
ཁ་བས་བཟོས་པའི་མི་ཞིག་བསྐྲུན་ཏེ་སང་ཉིད་ཀྱི་རེ་འདུན་སེམས་སུ་གཉེར་ངེས།
 
གལ་ཏེ།   ང་རང་ལུང་ཁོག་ནས་ལུས་སོང་ན །
སྤང་རི་ཐམས་ཅད་ལ་མེ་ཏོག་འཇའ་ཚོན་བཀྲ་དུས།
ལུག་ཁྱུ་དཀར་པོའི་སྤྲིན་ཕུང་གིས་ཁྱོད་ལ་འབའ་སྒྲ་སྒྲོགས་ངེས། 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་ནང་གི་གསང་བ།༼སྙན་ཚོམ༽

2011-12-30 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།