གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་ཚིགས་དགུན་ཁ་རྒྱ་མོ་ལོ་ཆུང་ཞིག་ངོ་ཤེས།

2011-12-27 11:17:00 ཞོགས་གཞོན། ཀློག་གྲངས། མཆན ཡོད།

             ____ ___མོའུ་ཡན་༼苗妍༽འབོད་པའི་རྒྱ་མོ་ལོ་ཆུང་ཞིག་ལ་བྲིས།
དོ་ཚིགས་དགུན་ཁ
ངས་རྒྱ་མོ་སྙིང་རྗེ་ཞིག་ངོ་ཤེས
ངོ་ཤེས་པ་དེའི་དབང་གིས
ངས་རང་ཉིད་ལ་དྲན་པ་སྣ་ཚོགས་གཏོང་མྱོང
ཁོ་མོ་ངོ་ཤེས་སོང་བ་དེས
བརྡ་འཕྲིན་བརྒྱ་ལོ་རེ་ཁ་པར་གྱི་ནང་ངོས་སུ་གཏར་འོང

 
འཕྲིན་ཐུང་ལས་མཐོང་བ་ལྟར
ཁོ་མོ་ངོ་ཤེས་པ་འདི་གསར་འགྱུར་ཞིག་ཏུ་བྲིས་ཆོག
དཔེར་ན ཁོ་མོ་ནི་མོ་ལོ་བཅུ་བདུན་ཡིན་ཚུལ
ཁོ་མོའི་དགའ་ཕྱོགས་གླུ་དབྱངས་ཡིན་ཚུལ
མདོར་ན མིག་མདངས་རློན་བག་གིས་ཁྱེར་བའི་ཉི་མ་དེ་དག་ཀྱང་ ་ ་ ་ ་ ་

 
ཁོ་མོ་སྙིང་རྗེ་ཚུལ་བཤད་ན་ལྷག་ཏུ་མང
དཔེར་ན ཁོ་མོས་ད་དུང་བྱིས་པའི་ངང་ཚུལ་བརྗེད་མེད་ལ
ཁོ་མོས་ད་དུང་བསམ་མི་ཤེས་པའི་ངོ་མདངས་སྣ་ཚོགས་སྟོན་ངེས
ཁོ་མོས་ད་དུང་རྨི་ལྗོངས་ནས་སྟོང་བསམ་ལ་ལག་པ་བསྲིངས་ངེས

 
དོ་ཚིགས་དགུན་ཁ
ངས་རྒྱ་མོ་སྙིང་རྗེ་ཞིག་ངོ་ཤེས
ངོ་ཤེས་པ་དེ་ཆུང་དུས་ཀྱི་རྩེ་རོགས་དང་འདྲ་བར
ནམ་མཁའ་དང་བར་སྣང་ལ་འཇའ་ཚོན་དང་འོད་ཟེར་བཏང་མྱོང
ཕར་འགྲོ་དང་ཚུར་འོང་ནས་སྙན་ངག་དང་ལུ་གུ་དྲན་མྱོང

 
དོ་ཚིགས་དགུན་ཁ
ངས་རྒྱ་མོ་སྙིང་རྗེ་ཞིག་ངོ་ཤེས
ངོ་ཤེས་པ་དེའི་དབང་གིས
ངས་རང་ཉིད་ལ་དྲན་པ་སྣ་ཚོགས་གཏོང་མྱོང
ཁོ་མོ་ངོ་ཤེས་སོང་བ་དེས
བརྡ་འཕྲིན་བརྒྱ་ལོ་རེ་ཁ་པར་གྱི་ནང་ངོས་སུ་གཏར་འོང
               ༢༠༡༡ལོའི་ཟླ༡༢བའི་ཚེས་༢༢ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།