སྒེའུ་ཁུང་དེའི་ཕྱི་རོལ་ཏུ།


བསླུ་བྲིད་ཀྱི་ཕམ་ཁ་དེར་ཡང་བསྐྱར་ཕྱི་མིག་གིས་བལྟ་དུས
སྒེའུ་ཁུང་ཕྱི་རོལ་དུ་བཅོས་མའི་ངོ་གདོང་ཞིག་གིས
འདི་ནི་ཅི་འདྲའི་གླེན་སྙམ་པའི་ཧབ་ཆ་དིར་རེ་དགོད
དངོས་ནས་ངུ་བསམ་པའི་ཚོར་འདུ་ཤུགས་ཀྱིས་བསྐྱེད
 
སྒེའུ་ཁུང་ཕྱི་རོལ་ཀྱི་ལབ་གླེང་དེའི་ཁྲོད་ན
ཤབ་ཤུབ་ཀྱི་སྐད་སྒྲ་དེ་དག་རྣར་གཟན་པ་ལ
མགོ་རུས་སྐམ་པོ་འདི་མ་གོས་ཀྱི་བར་དུ
སྙིང་གི་རུས་པ་འདི་ཅི་འདྲའི་ལྕིའང
 
བརྗེད་དཀའ་བའི་བཅོས་མའི་འཛུམ་མདངས་དེ་དག
སྒེའུ་ཁུང་དེའི་ཁ་ནས་འཚང་ཁ་རྒྱག་བཞིན
བསླུ་བྲིད་ཀྱི་སྐད་ཆ་ཁ་བ་བཞིན་བབས་ཡོང
དངོས་ནས་དགོད་བྲོ་འམ་ངུ་དགོས་སམ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒེའུ་ཁུང་དེའི་ཕྱི་རོལ་ཏུ།

2011-12-26 སྙན་བཟང་དགེ་དར། ཀློག་གྲངས། མཆན ཡོད།


བསླུ་བྲིད་ཀྱི་ཕམ་ཁ་དེར་ཡང་བསྐྱར་ཕྱི་མིག་གིས་བལྟ་དུས
སྒེའུ་ཁུང་ཕྱི་རོལ་དུ་བཅོས་མའི་ངོ་གདོང་ཞིག་གིས
འདི་ནི་ཅི་འདྲའི་གླེན་སྙམ་པའི་ཧབ་ཆ་དིར་རེ་དགོད
དངོས་ནས་ངུ་བསམ་པའི་ཚོར་འདུ་ཤུགས་ཀྱིས་བསྐྱེད
 
སྒེའུ་ཁུང་ཕྱི་རོལ་ཀྱི་ལབ་གླེང་དེའི་ཁྲོད་ན
ཤབ་ཤུབ་ཀྱི་སྐད་སྒྲ་དེ་དག་རྣར་གཟན་པ་ལ
མགོ་རུས་སྐམ་པོ་འདི་མ་གོས་ཀྱི་བར་དུ
སྙིང་གི་རུས་པ་འདི་ཅི་འདྲའི་ལྕིའང
 
བརྗེད་དཀའ་བའི་བཅོས་མའི་འཛུམ་མདངས་དེ་དག
སྒེའུ་ཁུང་དེའི་ཁ་ནས་འཚང་ཁ་རྒྱག་བཞིན
བསླུ་བྲིད་ཀྱི་སྐད་ཆ་ཁ་བ་བཞིན་བབས་ཡོང
དངོས་ནས་དགོད་བྲོ་འམ་ངུ་དགོས་སམ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།