སྨན་ཁང་ནང་གི་སྙན་ངག་ཚན་པ་གསུམ།

         སྨན་ཁང་གི་ཕྱི་ནང་།
ཚེ་སྲོག་གི་ལམ་མགོ་དང་ལམ་སྣེ
ཚེ་བར་གྱི་བདེ་ལེགས་དང་སྨོན་པ་ཞུ་ས
ཕྱི་ནང་གཉིས་ཀྱི་འཚོ་བ་རབ་རིབ
སེམས་པས་ཁུར་མི་ཐུབ་པའི་ན་ཟུག་ཕྲ་མོ
སུ་ཞིག་གི་ལག་ནང་དུ་བཞད་པའི་མེ་ཏོག་དཀར་པོ
        ༢༠༡༡ལོའི་ཟླ༡༢པའི་ཚེས༢༤ཉིན་གྱི་ཞོགས་པར་བོད་ལྗོངས་སྨན་རྩིས་ཁང་དུ་བྲིས།
 
           རྨི་ལམ།
མཆོད་མེ་སྒྲོན་པའི་སྒེའུ་ཁུང་འོག་ཏུ
ང་རང་ལ་གུས་ཕྱག་ཅིག་ལས་མ་དབང
དེས་དབང་གིས      ང་ཅི་ཡང་མེད་སོང་ཞིག་དང་འདྲ
 
རི་མགོའི་སྐར་ཚོགས་ཀྱི་དབུས་ནས་རྨི་ལམ་ལ་རོལ་བཞིན
ངས་རང་གི་གུས་ཕྱག་ཡོད་ཚད་རྨི་ལམ་དུ་སྐུར་ཡོད་ལགས
         ༢༠༡༡ལོའི་ཟླ༡༢པའི་ཚེས༢༤ཉིན་གྱི་ཉིན་གུང་བོད་ལྗོངས་སྨན་རྩིས་ཁང་དུ་བྲིས།
 

           ཆར་བ།
དགུན་ཁ་ཆར་བ་མེད་ཀྱང
ངས་ཆར་བ་དྲན་གྱིན་ཡོད
སྨན་ཁང་ནང་དུ་ཆར་བ་དྲན་གྱིན་ཡོད
གལ་སྲིད་སྨན་ཁང་ནང་གི་ནད་པ་འདི་དག་མེ་ཏོག་ཅིག་ཡིན་ན
མེ་ཏོག་འདི་དག་་ལ་དགོས་པ་ནི་ཆར་བ་མ་ཡིན་ནམ
      ༢༠༡༡ལོའི་ཟླ༡༢པའི་ཚེས༢༤ཉིན་གྱི་ས་སྲོད་ལ་བོད་ལྗོངས་སྨན་རྩིས་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨན་ཁང་ནང་གི་སྙན་ངག་ཚན་པ་གསུམ།

2011-12-26 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།

         སྨན་ཁང་གི་ཕྱི་ནང་།
ཚེ་སྲོག་གི་ལམ་མགོ་དང་ལམ་སྣེ
ཚེ་བར་གྱི་བདེ་ལེགས་དང་སྨོན་པ་ཞུ་ས
ཕྱི་ནང་གཉིས་ཀྱི་འཚོ་བ་རབ་རིབ
སེམས་པས་ཁུར་མི་ཐུབ་པའི་ན་ཟུག་ཕྲ་མོ
སུ་ཞིག་གི་ལག་ནང་དུ་བཞད་པའི་མེ་ཏོག་དཀར་པོ
        ༢༠༡༡ལོའི་ཟླ༡༢པའི་ཚེས༢༤ཉིན་གྱི་ཞོགས་པར་བོད་ལྗོངས་སྨན་རྩིས་ཁང་དུ་བྲིས།
 
           རྨི་ལམ།
མཆོད་མེ་སྒྲོན་པའི་སྒེའུ་ཁུང་འོག་ཏུ
ང་རང་ལ་གུས་ཕྱག་ཅིག་ལས་མ་དབང
དེས་དབང་གིས      ང་ཅི་ཡང་མེད་སོང་ཞིག་དང་འདྲ
 
རི་མགོའི་སྐར་ཚོགས་ཀྱི་དབུས་ནས་རྨི་ལམ་ལ་རོལ་བཞིན
ངས་རང་གི་གུས་ཕྱག་ཡོད་ཚད་རྨི་ལམ་དུ་སྐུར་ཡོད་ལགས
         ༢༠༡༡ལོའི་ཟླ༡༢པའི་ཚེས༢༤ཉིན་གྱི་ཉིན་གུང་བོད་ལྗོངས་སྨན་རྩིས་ཁང་དུ་བྲིས།
 

           ཆར་བ།
དགུན་ཁ་ཆར་བ་མེད་ཀྱང
ངས་ཆར་བ་དྲན་གྱིན་ཡོད
སྨན་ཁང་ནང་དུ་ཆར་བ་དྲན་གྱིན་ཡོད
གལ་སྲིད་སྨན་ཁང་ནང་གི་ནད་པ་འདི་དག་མེ་ཏོག་ཅིག་ཡིན་ན
མེ་ཏོག་འདི་དག་་ལ་དགོས་པ་ནི་ཆར་བ་མ་ཡིན་ནམ
      ༢༠༡༡ལོའི་ཟླ༡༢པའི་ཚེས༢༤ཉིན་གྱི་ས་སྲོད་ལ་བོད་ལྗོངས་སྨན་རྩིས་ཁང་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།