གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསོད་ནམས་དབང་མོ།

2011-12-24 10:49:00 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

བསོད་ནམས་དབང་མོ
ཁ་སང
ངའི་གླེང་མོལ་ན་ཐག་ཐག་ཏུ་འགུལ་བའི་དབུ་བརྙན་སྙིང་རྗེ་ཞིག
དབུ་བརྙན་དེའི་འགུལ་བ་དང་བརྟེན་ནས
ངས  རང་ཉིད་ངོ་སྤྲོད་དང་བཅས་ཁྱོད་ཀྱི་བྲང་གཞུང་ལ་བཞག་ཅིང
ཁྱོད་ཀྱིས་ཁ་པར་ཨང་གྲངས་དང་བཅས་ངའི་ཡ་ཆུང་དུ་བརྐོས
གང་ལྟར  ཁྱོད་ཀྱིས་བཤད་པ་ནང་བཞིན
ད་ལྟ་ང་ལ་མཚོན་ནའང་ཆེས་གཙོ་བོ་ཞིག
ཕ་ཡུལ་དཀར་མཛེས་ཡིན་པའི་བུ་མོ་ཁྱོད་ཡིན་འདུག
 
བསོད་ནམས་དབང་མོ
དེ་རིང
ངའི་ཁ་པར་ན་དམག་ལྟར་སྒྲིག་པའི་བརྡ་འཕྲིན་ཡག་པོ་ཞིག
བརྡ་འཕྲིན་དེའི་གསོག་འཇོག་དང་འགྲོགས་ཏེ
ཁམས་སྐད་མི་ཤེས་པའི་ངས་རྒྱ་སྐད་ཁྱ་ཁྱོག་དེ་ཁྱོད་ཀྱི་རྣ་རྩར་བཞག་ཅིང
ཁྱོད་ཀྱི་སི་ཁྲོན་རྒྱ་སྐད་ཀྱི་དབྱངས་སྙན་དེ་ངའི་བློ་ལ་སིམ
གང་ལྟར ཁྱོད་ཀྱིས་བཤད་པ་ནང་བཞིན
ད་ལྟ་ང་ལའང་ཁམས་ཕྱོགས་དཀར་མཛེས་ཤིག་ན
བསོད་ནམས་དབང་མོ་ཟེར་བའི་སློབ་གྲོགས་བུ་མོ་ཞིག་ཡོད་པའི་སྣང་བ་ཞིག་སྐྱེས་འོངས
 
བསོད་ནམས་དབང་མོ
སང་ཉིན
ངའི་བློ་ཡིད་ལ་སྐྱུར་ཤ་འཁྱིལ་བའི་གཏམ་རྒྱུད་སྡུག་པོ་ཞིག
གཏམ་རྒྱུད་དེའི་ངུ་ངག་ཁྲོད་ནས
ངས་རེ་བ་དང་ཡིད་ཆེས་ཤིག་ཁྱོད་ལ་སྦྱིན་མྱོངས་ཤིང
ཁྱོད་ཀྱིས་ལྷོ་ཁོ་རེ་ཡའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ང་ལ་ཀློག་ཏུ་བཅུག་བྱུང
གང་ལྟར ཁྱོད་ཀྱིས་བཤད་པ་ནང་བཞིན
ང་ལའང་ད་ལྟ་བརྗོད་ནས་མི་ཚར་བའི་སྡུག་ཅིག་དང
བསྒྱུར་དུ་མེད་ལ་བརྗེད་པར་དཀའ་བའི་གཏམ་རྒྱུད་ཅིག་ཡོད་པའང་ཚོར་འོངས
                       ༢༠༡༡ ༡༢ ༡༣ ནངས་མོ་སྡོད་ཤག་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།