གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་གི་ང་།

2011-12-18 10:25:00 གཡུ་རྔོག་ཁ་བའི་མེ་ཏོག ཀློག་གྲངས། མཆན ཡོད།


དེ་རིང་ཡར་ལངས་དུས་ནམ་མཁའི་མེ་ལོང་གིས་ང་ལ་
འཕྱ་སྨོད་བྱེད་བཞིན     མཆེ་བ་གཙིགས་བཞིན
དྲན་པ་བོར་བའི་ང་དལ་གྱིས་མེ་ལོང་ནག་པོ་ཞིག་གི་
འགྲམ་ལ་འགྲོ་དུས   གནོད་སེམས་ལ་གོམས་པའི་
ཟངས་ཀྱི་བུ་མོས་དལ་བར་རྨི་ལམ་གྱི་རྒྱ་མཚོར་དྲངས
 
དེ་རིང་ངས་ཉིན་གང་བོར་གནག་ཁྲག་གིས་གྲུབ་པའི་གདོད་མའི་
ཁ་ཟས་ལ་མ་རོལ་བར  ཚོན་ལྡན་ཤེལ་ངོས་དེའི་གདོང་ལ་ཅེར་
དུས  ཇི་ཡང་རྟོགས་མི་ཐུབ་པའི་འཕྲུལ་གྱི་ཤེལ་ངོས་དེས་དགའ་
སྐྱོ་ཆགས་སྡང་གི་ཚོར་བ་ཟབ་མོ་ཞིག་ངའི་བྲང་ངོས་ལ་སྦྱར  
 
ཚོར་བ་ཟབ་མོ་དེའི་དབང་གིས  རྨི་ལམ་ལ་གོམས་ཤིང་བརྩེ་དུང་
ལ་འཕྲེང་བའི་ང    སྡུག་བསྔལ་གྱི་ཀྱོ་བ་ལས་ཀྱང་ཐུ་བའི་
མུན་ནག་གི་དོང་ནང་དེར་མི་འགྲོ་ཀ་མེད་བྱུང

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།