གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒེའུ་ཁུང་དེའི་མདུན་གྱི་ལམ་ཆེན།

2011-12-16 08:43:00 ནམ་ལང་། ཀློག་གྲངས། མཆན ཡོད།

རི་མཐོན་པོའི་སྐེད་ཀྱི་རྐང་ལམ། རྔུལ་ཆུའི་བཏོན་པའི་རྐང་ལམ། 
ཁོད་ཇེ་ཡངས་རེད། ལམ་ཇེ་བདེ་རེད།
 
ནག་འཐིབ་བེར་ཡུན་རིང་སྒོམ་ལ་ཞུགས་པའི་བླ་རྒན
རྨི་ལམ་གྱི་མཛེས་མའི་བསླུ་བྲིད་དེ་མ་བཟོད་པར།
དཔྲལ་བར་འཁྱིལ་བའི་སྐར་ཆེན་ལྟ་བུའི་མིག་ཟུང་།
འོད་ཀྱི་ཕྱོགས་སུ ། སྣང་བ་གསལ་བའི་ཞིང་ཁམས་ཀྱི་ཕྱོགས་སུ།
 
ཤོག་ངོས་སུ་ཁྱབ་པའི་རྩམ་དྲི་ཐུ་ལུ་ལུ།
ཤོག་གུ་དེ་སེམས་ཀྱི་སྒེའུ་ཁུང་རེད།
ས་ཡ་དྲུག་གི་མིའི་གདོང་ཁུགས་ཀྱི་མིག་ཟུང་ཡང་རེད་འདུག
 
སྒེའུ་ཁུང་དེའི་མདུན་གྱི་ལམ་ཆེན་ན།
མུན་པ་ཡོད་ལ་སྣང་བ་ཡང་ཡོད།
མིག་ཆུ་ཡོད་ལ་སྤྲོ་བ་འང་ཡོད།
ན་ཟུག་ཡོད་ལ་བདེ་བ་ཡང་ངོ་།
      
༢༠༡༡་ལོའི་ཟླ་༡༢་པའི་ཚེས་༡༣་ཉིན་གྱི་དགོང་མོ་ཆུ་ཚོད་༡༡་སྟེང་དུ་མལ་ཁང་དུ ་སྙན་ངག་གི་འདུ་ཚོགས“ལང་ཚོའི་རྦབ་ཆུ”བདེ་ལེགས་ངང་ཚོགས་པར་རྟེན་འབྲེལ་ཞུ་ཆེད། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།