ལས་དབང་ལས་འདས་པའི་རྣམ་ཤེས།

ལོ་འདི་དག་གི་ནང་།
ད་ནང་ཇི་བཞིན་གྲང་རེད་དང་།
མཁའ་རླུང་གཙང་མ་ཞིག་མ་ཐོབ།
རླངས་འཁོར་རྒྱུ་ཕྱོགས་དང་བསྟུན་ནས
མཁའ་རླུང་རེ་རེས་ལུས་ཀྱི་རྩ་ཁམས་ཡོངས་སུ་དཀྲུགས
གྲང་འདར་ཞིག་གིས་སྣང་བ་སྟེར
སྐབས་དེར་ཁྱོད་ཀྱི་མགོ་བོ
ཁོ་བོའི་པང་དུ་བཞག
ཁྱོད་ལ་མཚོན་ན
མྱོང་ཚོར་དམིགས་བསལ་བ་ཞིག
ཅི་ཞིག་མེད་ལ       ཡོད་མི་སྲིད་
ངས་ཀྱང་སྣང་མེད་ཀྱི་ཚོར་བ་ཞིག་ཏུ་བསྒྱུར
རེད་དེ
གཟུགས་མེད་ཀྱི་ལས་དབང་བཙན་པོས
དེ་ལས་བཟློག་པ་ནི
ངོ་མ་བསམ་བརྗོད་ལས་འདས་པའི་དོན་གནད་ཅིག
ངས་མ་བསམ་ས་ནས
དམར་ཆུང་སྙིང་ལ་ཚ་ཤུར་ཞིག
ལྷབ་ལྷུབ་སྙིང་དམར་རླུང་གིས་གཡོ
ལྗིད་ཏིག་ཏིག་གིས་འཕག
ངའི་ངོ་གདོང་ནས་ཚ་དྲོད་ཅིག་འཁོལ་ལ་
སྙིང་དམར་པོའི་སྟེང་ནས་དྲན་པས་སྐོར་ལོག་བརྒྱགས
ཅིག་བྱེད་ན་ཁྱོད་ཀྱིས་ཚོར་སྲིད་ལ
ཤེས་ཀྱང་མ་ཤེས་ཁུལ་གྱིས
ཁེ་སོ་བསམ་སྲིད
དོན་ངོ་མར་འདི་ནི་གྱོང་གུན་ཞིག
རེད་དེ
གནས་ལུགས་མང་པོ་ཞིག་ལ
ལྷ་དམག་དང་དགྲ་དམག
ཁ་དམག་མང་བའི་ཚོགས་གྲལ་ན
མ་བསམ་ས་ནས་མཇུག་བསྡོམས་མང་པོ་བཀོད་མྱོང་།
ཚངས་པ་དང་བརྒྱ་སྦྱིན
ལྷ་མོ་ཨུདྨ་དང་དབང་ཕྱུག
དགའ་བོ་དང་འཇོག་པོ
མཐེ་རང་རྐང་ཅིག་དང་ལང་ཀ་མགྲིན་བཅུ
སོ་སོས་ལས་དབང་རེ་ལ
འཁྱུད་བྲིས་རེ་
ངས་ཀྱང་དགའ་སྤྲོའི་ངང་
མཆོད་མེ་རྐང་གཅིག་ལ
སྨོན་ལམ་དང་འཁང་ར་སྤུངས་ནས
གསང་དུད་ཀློང་དུ
རབ་རིབ་སབ་སིབ་ཀྱིས
ཁྱོད་ལ་དགའ་བསུ་ཞུ།
འདི་དག་ནི་ལས་དབང་ལས་བཙན་པོའི་རྣམ་ཤེས་ཤིག

              ༢༠༡༡ ། ༡༢ ། ༦ ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལས་དབང་ལས་འདས་པའི་རྣམ་ཤེས།

2011-12-11 བསོད་ནམས། ཀློག་གྲངས། མཆན ཡོད།

ལོ་འདི་དག་གི་ནང་།
ད་ནང་ཇི་བཞིན་གྲང་རེད་དང་།
མཁའ་རླུང་གཙང་མ་ཞིག་མ་ཐོབ།
རླངས་འཁོར་རྒྱུ་ཕྱོགས་དང་བསྟུན་ནས
མཁའ་རླུང་རེ་རེས་ལུས་ཀྱི་རྩ་ཁམས་ཡོངས་སུ་དཀྲུགས
གྲང་འདར་ཞིག་གིས་སྣང་བ་སྟེར
སྐབས་དེར་ཁྱོད་ཀྱི་མགོ་བོ
ཁོ་བོའི་པང་དུ་བཞག
ཁྱོད་ལ་མཚོན་ན
མྱོང་ཚོར་དམིགས་བསལ་བ་ཞིག
ཅི་ཞིག་མེད་ལ       ཡོད་མི་སྲིད་
ངས་ཀྱང་སྣང་མེད་ཀྱི་ཚོར་བ་ཞིག་ཏུ་བསྒྱུར
རེད་དེ
གཟུགས་མེད་ཀྱི་ལས་དབང་བཙན་པོས
དེ་ལས་བཟློག་པ་ནི
ངོ་མ་བསམ་བརྗོད་ལས་འདས་པའི་དོན་གནད་ཅིག
ངས་མ་བསམ་ས་ནས
དམར་ཆུང་སྙིང་ལ་ཚ་ཤུར་ཞིག
ལྷབ་ལྷུབ་སྙིང་དམར་རླུང་གིས་གཡོ
ལྗིད་ཏིག་ཏིག་གིས་འཕག
ངའི་ངོ་གདོང་ནས་ཚ་དྲོད་ཅིག་འཁོལ་ལ་
སྙིང་དམར་པོའི་སྟེང་ནས་དྲན་པས་སྐོར་ལོག་བརྒྱགས
ཅིག་བྱེད་ན་ཁྱོད་ཀྱིས་ཚོར་སྲིད་ལ
ཤེས་ཀྱང་མ་ཤེས་ཁུལ་གྱིས
ཁེ་སོ་བསམ་སྲིད
དོན་ངོ་མར་འདི་ནི་གྱོང་གུན་ཞིག
རེད་དེ
གནས་ལུགས་མང་པོ་ཞིག་ལ
ལྷ་དམག་དང་དགྲ་དམག
ཁ་དམག་མང་བའི་ཚོགས་གྲལ་ན
མ་བསམ་ས་ནས་མཇུག་བསྡོམས་མང་པོ་བཀོད་མྱོང་།
ཚངས་པ་དང་བརྒྱ་སྦྱིན
ལྷ་མོ་ཨུདྨ་དང་དབང་ཕྱུག
དགའ་བོ་དང་འཇོག་པོ
མཐེ་རང་རྐང་ཅིག་དང་ལང་ཀ་མགྲིན་བཅུ
སོ་སོས་ལས་དབང་རེ་ལ
འཁྱུད་བྲིས་རེ་
ངས་ཀྱང་དགའ་སྤྲོའི་ངང་
མཆོད་མེ་རྐང་གཅིག་ལ
སྨོན་ལམ་དང་འཁང་ར་སྤུངས་ནས
གསང་དུད་ཀློང་དུ
རབ་རིབ་སབ་སིབ་ཀྱིས
ཁྱོད་ལ་དགའ་བསུ་ཞུ།
འདི་དག་ནི་ལས་དབང་ལས་བཙན་པོའི་རྣམ་ཤེས་ཤིག

              ༢༠༡༡ ། ༡༢ ། ༦ ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།