མདང་དགོང་གི་ཉལ་ས་རུ།

མདང་དགོང་གི་ཉལ་ས་རུ
ཡུ་མོའི་ཁེར་རྐྱང་གི་པུས་མོ་རིམ་ཏེ
བལ་ལྟར་འཇམ་པའི་བརླ་ཤ་དེ་གྲང་ཤུར་ཤུར་ཏུ་གནས་བས
མཐུན་པའི་བརྩེ་དུང་གི་མེ་དཔུང་ཞིག་བསྲེགས་འདོད

མདང་དགོང་གི་ཉལ་ས་རུ
ངོ་གདོང་དང་ཡིད་སེམས་ཀྱི་ཕོ་བྲང་ན
ཁྱོད་ཀྱི་འཛུམ་མདངས་བརླན་དུས
ཁེར་རྐྱང་གི་ལྡིང་ཁང་དུ་སྙིང་རྩའི་འཕར་ལྡིང་ཇེ་མགྱོགས་ནས་ཇེ་མགྱོགས
ཁྱེད་ལ་སྙེག

མདང་དགོང་གི་ཉལ་ས་རུ
སེམས་ཀྱི་རླབས་སྒྲ་མ་འཇགས་པས
རེ་བའི་འཆར་སྣང་གི་ཨུ་ཚུགས་ཁྲོད
ཁ་པར་ལ་ཐེངས་གཅིག་ལྟ་བཞིན
རྒྱ་མཚོའི་ཕ་མཐའ་རུ་གནས་བའི་ཁྱེད་ཉིད་དྲན་ཤིང་
སེམས་ཁོང་གི་གསང་གཏམ་མང་བོ་ཡུན་རིང་རུམ་དུས
ངའི་བྲང་གཞུང་ལ་ན་ཟུག་གིས་ཁེངས

མདང་དགོང་གི་ཉལ་ས་རུ
མི་བརྗེད་ཟླ་བའི་འོད་ལྟར་ཁྱེད་ཀྱི་ཞལ་རས་རྒོད་པས
མིག་ཟུང་ཕྲ་མོའི་འཕྲུལ་གྱི་རྩེ་མོ་ཡིས
ལས་ཀྱི་བརྩེ་དུང་གི་ནོར་བུ་ཁྱོད
མིག་གཡེང་ཐེངས་གཅིག་གི་ཟློས་གར་ཁྲོད་བཏུམས

མདང་དགོང་གི་ཉལ་ས་རུ
ངའི་དྲན་འཛིན་གྱི་ཁྱེད་ཀྱི་འཛུམ་མདངས་དྲན་ཤོར
རྒྱང་རིང་གི་ཁྱེད་སེམས་ཀྱི་ན་ཟུག་ཀྱང་ཚོར་འོང་
དྲན་གདུང་གིས་ལུས་སེམས་གཤག་པ་ཐེངས་གཅིག་མིན་དུས
ཟིན་ཐབས་མེད་པའི་སྡུག་བསྔལ་ལ་ལག་པ་བསྲིངས་བཞིན
ཁྱེད་ལ་སྒུག

མདང་དགོང་གི་ཉལ་ས་རུ
དུང་སེམས་ཀྱི་བཅོས་བསྒྱུར་མི་ཐུབ་པའི་སྙིང་གི་དབུས་སུ
རྡོ་རྗེ་བྲག་ལ་རི་མོ་བརྐོས་བ་ཅི་ལྟར་ཟབ་པ
ཁྱེད་རང་སེམས་སུ་ལྷུང་བ་དེ་འདྲའི་སྣུབ་པས
བཅོས་མིན་གྱི་རང་གཤིས་ཤིག་ལས
ཁྱེད་ལ་འཐིམས

མདང་དགོང་གི་ཉལ་ས་རུ
ངས་རི་རྒྱལ་ལྷུན་པོ་ལྟ་བུའི་བརྩེ་དུང་གི་ལེགས་སྐྱེས་ཤིག
སྙིང་གི་རྟེན་དུ་བཞག་ནས་རྨི་ལམ་སྙེག
ཁྱེད་ལ་དུངས་བའི་སྙིང་གཏམ་གྱི་ཟེའུ་འབྲུ་རེ་རེ
བྲང་གཞུང་གི་དཀྱིལ་དབུས་སུ་བཏབ་ཏེ
མེ་ཏོག་ལྷ་མེར་བཞད་པའི་རེ་སྒུག་གི་ཉིན་མཚན་འདས་རྗེས
ལྷན་འཛོམས་ཀྱི་ལྡུམ་རྭ་ནས་ཁྱེད་ལ་གཏོར་ན་བསམ

མདང་དགོང་གི་ཉལ་ས་རུ
ཁེར་རྐྱང་གི་ཚོར་ཤེས་འདི་ལས
རྒྱང་རིང་གི་ཁྱེད་ལ་འགྱུར་མེད་བརྩེ་བའི་དམ་བཅའ་ཞིག
སྐྱོ་སྣང་གི་མིག་ཆུ་དང་མཉམ་དུ
དུར་འཇུག་བྱེད་དགོས་བྱུང་
བྲལ་མི་འདོད་པའི་བརྩེ་དུངས་ཟབ་མོ་དེ
ངའི་སེམས་ཀྱི་རྨ་ཁ་ཁོ་ན
མཚན་མོ་འདིར་་་་་་་་་་་་་་་་་་་་་་་་་
           ༢༠༡༡  ༡༡  ༣༠དགོང་མོར་ཆུ་ཚོད་༡༡ཐོག་ལྷོ་ཕྱོགས་རྒྱ་མཚོ་ཁ་རུ་ཡོད་པའི་སྙིང་གྲོགས་ཤེས་མིང་ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདང་དགོང་གི་ཉལ་ས་རུ།

2011-12-04 གཅན་ཡུ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།