རི་བོ་དེ་དང་མི་ཚོགས་དེ།ད་དུང་དྲི་མེད་ཟེར་བའི་སྙན་ངག་པ་དེ།

ཤ་ཀླན་འཇམ་དབྱངས་གྲགས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-02


རི་བོ་དེའི་འགྱིང་ཉམས་བསམ་ན།
ང་མྱུར་དུ་ཡོད་ཚད་བསྐྱུར་ཏེ་རི་བོ་དེའི་ཕྱོགས་སུ་འགྲོ་བར་འདོད་ཀྱང་།
མི་ཚོགས་དེའི་རེ་བར་བསམ་ན།
ངས་ད་དུང་ཅི་ཡང་འགྲུབ་མི་འདུག་པས།
སླར་ཡང་དྲོད་ཁོལ་དབེན་པའི་ཁང་པ་འདི་ནས་གནས་བཅའ་དགོས་བྱུང་།
སྐབས་དེར།ངའི་སྐྱོ་གྲོགས་ཡིན་པའི་ཁྱེད་ཚོ་འདི་ལྟར་ཡིད་མཁར་ཤར་བྱུང་།

དང་པོར་མདོག་ཉེས་པའི་དྲི་མེད་ཀྱི་ངོ་གདོང་ངོ་དེབ་ནས་མཐོང་བ་དེ་དང་།
ངས་རྟོག་བཟོ་བྱས་པའི་ཁོའི་གཟུགས་བྱད་མི་ལེགས ་པ་དེ་གཉིས་ལྷན་དུ་སྦྲེལ་ནས།
ཕར་རྒྱུ་ཚུར་རྒྱུ་བྱེད་བཞིན་ངའི་མདུན་དུ་འགྱིང་ཉམས་བསྟན་ཅིང་།
མེ་ཏོག་བཞིན་བཞད་འདུག་པའི་ང་ལ་སྡང་མིག་ཡང་ཡང་བགྲད།
ད་དུང་།ཕྱེ་ལེབ་སྒེག་མོ་བཞིན་ངའི་གཡས་གཡོན་རྒྱབ་མདུན་ཀུན་ཏུ་འཁོར་བཞིན་པའི་མཛེས་མ་ཚོར།
ཅི་སྙམ་པར་མིག་འཚུམ་ལན་འགའ་བྱས་ནའང་།
ཁོའི་རེ་བ་སྟོང་ཟད་དུ་གྱུར་སོང་།

དེ་རྗེས་དཔལ་ལྡན་དང་སྐལ་བཟང་ག ཉིས་ཀྱང་།
ངའི་རབ་རིབ་མག་མོག་གི་ཡིད་ཀློང་ནས་ཐོན་བྱུང་།
ང་།དྲི་མེད་ལ་སྙིང་རྗེ་ཚད་མེད་སྐྱེས་ཤིང་།
གྲོགས་པོ་གཞན་གཉིས་ཀྱིས་ཀྱང་ཞུ་བ་མང་དུ་བྱས་པས།
ངས་ཁོ་ལ་ཝཱ་ཎའི་བུ་མོ་མཛེས་མ་ཞིག་སྦྱིན་རྒྱུའི་ཁ་ཆད་བྱས།


ཁོ་ཚོས་ཝཱ་ཎའི་གནས་ཆེན་ལ་གསོལ་བ་བཏབ་སྐབས།
ངས་ཝཱ་ཎའི་གནམ་གཤིས་ལ་སྡིགས་མོ་བྱས་ཤིང་།
ཁོ་ཚོས་དྲང་སྲོང་ལྷུང་བའི་རི་དྭགས་ཚལ་གྱི་ ཕུན་ཚོགས་གླེངས་དུས།
ངས་རང་གི་སློབ་གླིང་གི་དར་རྒུད་བཤད།
མཐར་ཝཱ་ཎའི་གནམ་གཤིས་ཀྱིས་དད་པ་ཆེ་བའི་ཁོ་ཚོའང་།
སྨྲ་བར་མེད་པར་བཏང་བྱུང་བས།
ངས་ཟ་ཁང་ཡངས་པ་ཅན་ནས་**ཀོ་ཁ་ཁུ་ནག་བཏུང་བའི་གྲོས་མགོ་བཏོན།

ང་ཚོས་ཅོག་ཙེའི་མཐའ་བསྐོར་ཏེ།
རི་བོ་དེའི་འགྱིང་ཉམས་གླེངས་ཤིང་།
མི་ཚོགས་དེའི་ཕུགས་བསམ་གླེངས།
ང་ཚོ་ནི་མི་ཚོགས་དེའི་ཡང་དག་མགོན་དུ་ཕེབས་པ་ བཞིན།
མི་ཚོགས་དེའི་ཆེད་དུ་ལུས་ཀྱིས་མི་ཐེབས་པའི་གཏམ་འགའ་ཡང་བྱུང་རྒྱལ་དུ་ཤོར།

བར་སྐབས་ཤིག་ལ་དྲི་མེད་ཀྱིས་རྡབ་རྡིབ་ངང་།
ཁོའི་ཚབ་མཚོན་སྙན་ངག་དེ་གྱེར་སོང་བས།
ང་ཚོས་རི་བོ་དེ་དང་མི་ཚོགས་དེ་རྒྱང་རིང་དུ་བཞག་ནས་ཁོ་ལ་རྣ་བ་བླགས།
སྐབས་དེར།ང་ལ་ཀོ་ཁ་ཁུ་ནག་གིས་ཀྱང་མི་བཟི་ཐུབ་པའི་ངེས་ཤེས་ཟབ་མོ་སྐྱེས།
                                                    ༢༠༡༡ ༩ ༢༠
                            **ཀོ་ཁ་ཁུ་ནག་ཅེས་པ་ནི་coca colaཞེས་པའི་བཏུང་བ་དེའོ།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་བོ་དེ་དང་མི་ཚོགས་དེ།ད་དུང་དྲི་མེད་ཟེར་བའི་སྙན་ངག་པ་དེ།

2011-12-02 ཤ་ཀླན་འཇམ་དབྱངས་གྲགས་པ། ཀློག་གྲངས། མཆན ཡོད།


རི་བོ་དེའི་འགྱིང་ཉམས་བསམ་ན།
ང་མྱུར་དུ་ཡོད་ཚད་བསྐྱུར་ཏེ་རི་བོ་དེའི་ཕྱོགས་སུ་འགྲོ་བར་འདོད་ཀྱང་།
མི་ཚོགས་དེའི་རེ་བར་བསམ་ན།
ངས་ད་དུང་ཅི་ཡང་འགྲུབ་མི་འདུག་པས།
སླར་ཡང་དྲོད་ཁོལ་དབེན་པའི་ཁང་པ་འདི་ནས་གནས་བཅའ་དགོས་བྱུང་།
སྐབས་དེར།ངའི་སྐྱོ་གྲོགས་ཡིན་པའི་ཁྱེད་ཚོ་འདི་ལྟར་ཡིད་མཁར་ཤར་བྱུང་།

དང་པོར་མདོག་ཉེས་པའི་དྲི་མེད་ཀྱི་ངོ་གདོང་ངོ་དེབ་ནས་མཐོང་བ་དེ་དང་།
ངས་རྟོག་བཟོ་བྱས་པའི་ཁོའི་གཟུགས་བྱད་མི་ལེགས ་པ་དེ་གཉིས་ལྷན་དུ་སྦྲེལ་ནས།
ཕར་རྒྱུ་ཚུར་རྒྱུ་བྱེད་བཞིན་ངའི་མདུན་དུ་འགྱིང་ཉམས་བསྟན་ཅིང་།
མེ་ཏོག་བཞིན་བཞད་འདུག་པའི་ང་ལ་སྡང་མིག་ཡང་ཡང་བགྲད།
ད་དུང་།ཕྱེ་ལེབ་སྒེག་མོ་བཞིན་ངའི་གཡས་གཡོན་རྒྱབ་མདུན་ཀུན་ཏུ་འཁོར་བཞིན་པའི་མཛེས་མ་ཚོར།
ཅི་སྙམ་པར་མིག་འཚུམ་ལན་འགའ་བྱས་ནའང་།
ཁོའི་རེ་བ་སྟོང་ཟད་དུ་གྱུར་སོང་།

དེ་རྗེས་དཔལ་ལྡན་དང་སྐལ་བཟང་ག ཉིས་ཀྱང་།
ངའི་རབ་རིབ་མག་མོག་གི་ཡིད་ཀློང་ནས་ཐོན་བྱུང་།
ང་།དྲི་མེད་ལ་སྙིང་རྗེ་ཚད་མེད་སྐྱེས་ཤིང་།
གྲོགས་པོ་གཞན་གཉིས་ཀྱིས་ཀྱང་ཞུ་བ་མང་དུ་བྱས་པས།
ངས་ཁོ་ལ་ཝཱ་ཎའི་བུ་མོ་མཛེས་མ་ཞིག་སྦྱིན་རྒྱུའི་ཁ་ཆད་བྱས།


ཁོ་ཚོས་ཝཱ་ཎའི་གནས་ཆེན་ལ་གསོལ་བ་བཏབ་སྐབས།
ངས་ཝཱ་ཎའི་གནམ་གཤིས་ལ་སྡིགས་མོ་བྱས་ཤིང་།
ཁོ་ཚོས་དྲང་སྲོང་ལྷུང་བའི་རི་དྭགས་ཚལ་གྱི་ ཕུན་ཚོགས་གླེངས་དུས།
ངས་རང་གི་སློབ་གླིང་གི་དར་རྒུད་བཤད།
མཐར་ཝཱ་ཎའི་གནམ་གཤིས་ཀྱིས་དད་པ་ཆེ་བའི་ཁོ་ཚོའང་།
སྨྲ་བར་མེད་པར་བཏང་བྱུང་བས།
ངས་ཟ་ཁང་ཡངས་པ་ཅན་ནས་**ཀོ་ཁ་ཁུ་ནག་བཏུང་བའི་གྲོས་མགོ་བཏོན།

ང་ཚོས་ཅོག་ཙེའི་མཐའ་བསྐོར་ཏེ།
རི་བོ་དེའི་འགྱིང་ཉམས་གླེངས་ཤིང་།
མི་ཚོགས་དེའི་ཕུགས་བསམ་གླེངས།
ང་ཚོ་ནི་མི་ཚོགས་དེའི་ཡང་དག་མགོན་དུ་ཕེབས་པ་ བཞིན།
མི་ཚོགས་དེའི་ཆེད་དུ་ལུས་ཀྱིས་མི་ཐེབས་པའི་གཏམ་འགའ་ཡང་བྱུང་རྒྱལ་དུ་ཤོར།

བར་སྐབས་ཤིག་ལ་དྲི་མེད་ཀྱིས་རྡབ་རྡིབ་ངང་།
ཁོའི་ཚབ་མཚོན་སྙན་ངག་དེ་གྱེར་སོང་བས།
ང་ཚོས་རི་བོ་དེ་དང་མི་ཚོགས་དེ་རྒྱང་རིང་དུ་བཞག་ནས་ཁོ་ལ་རྣ་བ་བླགས།
སྐབས་དེར།ང་ལ་ཀོ་ཁ་ཁུ་ནག་གིས་ཀྱང་མི་བཟི་ཐུབ་པའི་ངེས་ཤེས་ཟབ་མོ་སྐྱེས།
                                                    ༢༠༡༡ ༩ ༢༠
                            **ཀོ་ཁ་ཁུ་ནག་ཅེས་པ་ནི་coca colaཞེས་པའི་བཏུང་བ་དེའོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།