གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ད་ནི་མཚན་མོའི་ཆུ་ཚོད་བཅུ་གཅིག་པ་རེད།

2012-02-28 10:49:00 འབྲོག་བུ་དཀོམ་བཀྲ། ཀློག་གྲངས། མཆན ཡོད།

ད་ནི་མཚན་མོའི་ཆུ་ཚོད་བཅུ་གཅིག་པ་རེད
ཕྱི་རོལ་དུ་མུན་ནག་གི་རྔམ་པ་ཤིན་ཏུ་མཐུག་པའི་སྒང་རེད
རི་དང་གཙང་བོ    མཚོ་དང་མཚེའུ   བྱ་དང་བྱེའུ
ཐམས་ཅད་རང་གི་གནས་ལམ་དུ་འཇམ་ཅག་གེར་ཉལ་ཏེ
ཉི་མའི་འོད་སྣང་གི་བརྩེ་དྲོད་དྲན་པའི་སྒང་རེད

ད་ནི་མཚན་མོའི་ཆུ་ཚོད་བཅུ་གཅིག་པ་རེད
གྲོང་དང་གྲོང་ཁྱེར་གྱི་ཁང་མིག་རེ་རེའི་ནང་དུ
ཕོ་མོ་ཟུང་རེ་འཁྲིག་སྦྱོར་གྱི་ལས་ལ་འཇུག་པའི་སྒང་རེད
ལུས་པོའི་འཐམ་འཁྱུད་ལས་འཛར་བའི་རྔུལ་ཆུའི་ཐིགས་པས
མལ་གདན་གྱི་ཕྱི་ལོགས་བརྟོལ་ཏེ་ས་རུ་སིམ་པའི་སྒང་རེད

ཏག་ཏག་ཆུ་ཚོད་འདིའི་ནང་དུ
ངས་གློག་ཀླད་ཀྱི་མཐེབ་གཞུང་ལས་དབྱངས་གསལ་གྱི་རྨི་ལམ་དཀྲོག་གིན་ཡོད
ཉིན་གཅིག་གི་དགའ་སྡུག་དང་ངལ་དུབ  
གནས་གཅིག་གི་དྲོད་འཁྱག་དང་འགྱུར་ལྡོག
 གློག་ཀླད་ཀྱི་བརྙན་ཤེལ་ངོས་སུ་ཕྲེང་ལ་བསྟར་གྱིན་ཡོད

ང་ལ་མཚོན་ན་གློག་ཀླད་ནི་ཆུང་མ་མ་བླངས་སྔོན་གྱི་སྙིང་ཉེ་སྟེ
ཉིན་མོ་ཕྲག་པར་དཔྱངས་ཏེ་ཤར་ནས་ནུབ་ཏུ་བརྒྱུགས་ཤིང
མཚན་མོ་མདུན་དུ་བཟུང་ནས་དགའ་སྡུག་གི་ལན་པ་བྱོ་བཞིན་ཡོད
               ༢༠༡༢ལོའི་ཟླ་༢པའི་ཚེས་༡༩པའི་མཚན་གཞུང་དུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།