གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་ལ་གྲོས་གཞི་བཏོན་པ།

2012-02-26 22:47:00 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།


དུས་ཚོད་དང་དངངས་འཚུབ་ཀྱིས་བཅུམ་དྲགས་པ་ནས
ཀ་བ་གདུང་ལྕམ་སོ་བཞི་ལས་གྲུབ་པའི་ཁེར་རྐྱང་གི་ཁང་མིག་ཅིག་ངས་རང་ཉིད་ལ་མི་བཟོ་ག་མེད་རེད
རང་ཉིད་དང་ཆེ་ཆུང་དོ་མཉམ་པའི་ཁང་མིག་འདིའི་ངོགས་ནས
ངས་ཕོར་བ་གཅིག་དང་ཐུར་མ་གཉིས་ཀྱི་འཚོ་བའི་ཡང་སྙིང་གླེང

ཐག་རིང་རྒྱང་རིང་ནི་དེ་རིང་གི་ངའི་གཉེར་བྱའི་ལས་ཀ་མིན་པའི་དབང་གིས
ཐག་ཉེ་ཐག་ཉེ་ཡི་རང་ཉིད་བསྐྱུར་དོན་ཅི
ས་མཐར་འགྲིམས་པ་ནས
ལོ་ཟླ་འདིའི་ངོགས་ན་རང་ཉིད་ལ་གཏན་འཇགས་གཏན་འཇགས་ཀྱི་གནས་ཚང་ཞིག་མེད་པ་གཞི་ནས་ཚོར

དུས་དེ་ནས་བཟུང   ངས་འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ཀྱི་ཆེས་ཐོག་མའི་འཚོལ་དགོས་པ་རང་ཉིད་ཡིན་པ་རྟོགས་ལ
རང་ཉིད་འཚོལ་དགོས་ན       ཆེས་ཐོག་མ་རང་ཉིད་ལ་ཤ་དང་རུས་པར་ཟུག་པའི་གཏན་འཇགས་ཀྱི་གནས་ཚང་ཞིག་དགོས་པའང་གཞི་ནས་ཤེས
གཏན་འཇགས་ཀྱི་གནས་ཚང་ནི་ཕ་མེས་ཡང་མེས་བརྒྱུད་མྱོང་པའི་གངས་རི་དང་རྩྭ་ཐང་ན་ཡོད་པར་ཡང་བསམ་བློ་བཏང

གངས་རི་ན་ངའི་མེས་པོའི་ཞབས་རྗེས་ཡོད་ཟེར
རྩྭ་ཐང་ན་ངའི་མེས་པོའི་རྔུལ་ཁྲག་ཡོད་ཟེར
དེའི་དབང་གིས   ང་གངས་རི་བརྒལ་ཞིང་རྩྭ་ཐང་འགྲིམས་ཏེ
ཀ་བ་གདུང་ལྕམ་སོ་བཞི་ལས་གྲུབ་པའི་ཁེར་རྐྱང་གི་ཁང་མིག་དེའང་གནས་འདི་ནས་སེམས་ཀྱིས་བཙུགས་པ་ཡིན་ལ
ཕོར་བ་གཅིག་དང་ཐུར་མ་གཉིས་ལ་དབང་བའི་འཚོ་བའི་རིན་ཐང་ཡང་ཤུགས་ཀྱིས་གླེང་ཁོ་ཐག་ཡིན
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།