གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་མ་སེར་པོ།

2012-02-26 22:45:00 མཚོ་ལྷོ་མུ་ཏིག ཀློག་གྲངས། མཆན ཡོད།

བསིལ་རླུང་དལ་བུར་གནས་འདིར་གཡུག་དུས
ངས་བསམ་བློ་དང་མིག་རྒྱང་གི་བར་མཚམས་ན
ཁྱོད་ལ་བརྗོད་འདོད་པའི་སྙིང་གཏམ་དེ་གློ་བུར་དྲན་ཡོང་
ཆུ་བོ་དེ་ལྷུང་ལྷུང་བཞུར
ཉ་མོ་དེ་རིམ་བཞིན་འཁྱུགས་དུས
ལོ་མ་སེར་པོའི་ཤག་སྒྲ་དང་གྲིབ་མ་རེ་རེ
སྒེའུ་ཁུང་ཀྱི་མདུན་དུ་ང་ལ་ལག་བརྡ་བཏོང་བཞིན
སྙིང་གཏམ་བརྗོད་བཞིན
གྲམ་གཞུང་དུ་ཁུར་གྱིན་འདུག
དེ་ནི་ལོ་མ་དང་ངེད་གཉིས་ཀྱི་གནས་ཚང་ཡིན
མིལོ་དུ་མའི་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས
བསམ་གཞིགས་དང་ལས་དབང་གི་སྣེ་རུ་འཇུས་པ་ནས་བཟུང་
ཁ་སང་གི་གཏམ་རྒྱུད་དང་སྦྱར་ནས་བརྗོད་དུས
རི་བོ་དང་གཙང་བོས་འུ་གཉིས་ལ་བདེན་དབང་བྱིན་ཆོག
མངོན་སུམ་མུན་པ་ལྟ་བུའི་ཚོར་བ་དང་
སྡུག་བསྔལ་ལྷག་མ་ལྟ་བུའི་ན་ཟུག་རེ་རེ
ངས་བཟོད་སྒོམ་བྱས་ནས་བདེན་པར་འཇོག་དགོས་སོང་
ད་དུང་ཁྱོད་ཀྱང་རླུང་བུས་ཁུར་དགོས་པ་རྒྱུ་མཚན་ཡོད
རླུང་བུ་གཡུག་དགོས་པ་དགུན་གསུམ་གྱི་ཁྱད་ཆོས་ཡིན
 
    ༢༠༡༡ ༣ ༡༡ ཉིན་སློབ་གླིང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།