གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་གསལ།

2012-02-14 12:57:00 བཙན་ཞགས། ཀློག་གྲངས། མཆན ཡོད།

                              གཅིག
གངས་རིའི་ཕ་རོལ་ནས་འཁྲུངས་བའི་འོད་ཀྱི་ཚོམ་བུ་ཞིག
དུས་རབས་ཅིག་གི་ཡར་སྔོན་ནས་གྲུབ་པའི།
མེས་པོའི་བློ་སྤོབས་ཀྱིས་གྲུབ་པའི་གསེར་ཀྱི་ས་བོན།
ཁ་བའི་གཤོག་ཁུག་འདིར་སྦས་ཉིན་ནས།
བཙན་པོའི་རྒྱལ་མཚན་ལ་གསེར་འོད་འཕྲོས།
གངས་རིའི་ཕྱི་ནང་ལ་མཛེས་སྡུག་སྤྲིན།
འདི་ནི་དབྱངས་གསལ་སོ་བཞིའི་ཐོག་མའི་སྐྱེ་རབས་རེད།
                             གཉིས།
མུན་ནག་གི་རྔམ་ཁ་མཐུག་པའི་རྩྭ་ཐང་དང་རི་གྲོང་ན།
དཀའ་སྡུག་གི་རྔུལ་ཆུ་ཟགས་པའི་མི་བུ་གླེན་པ་ཚོར།
ཁྱོད་ཀྱི་འོད་ཟེར་གྱིས་ངག་སྒོ་ཕྱེས་ཏེ།
མཐའ་མི་མངོན་པའི་ལོ་རྒྱུས་རིང་མོ་ངག་ལ་གྱེར་ཞིང་།
བཀའ་བསྟན་གྱི་ཡིག་འབྲི་རེ་རེ་རྡོ་དང་ཤིང་ལ་བརྐོས།
གཙུག་ལག་གི་ནང་རྟེན་དང་ཕྱི་ནང་གང་ན།
སྐར་ཚོགས་ལྟར་འོད་དུ་འཚེར་བའི་དབྱངས་གསལ།
འདི་ནི་ཁྱོད་ཀྱི་རླབས་ཆེན་གྱི་འཕྲིན་ལས་ཡིན་ལ།
འདི་ནི་ཁྱོད་ཀྱི་ཆེས་དར་བའི་དུས་རབས་རེད།
                             གསུམ།
ཕྱི་རབས་ཀྱི་ངན་སྒང་དེ་ན་འདི་ལྟར།
གཞན་དབང་དང་འགྱུར་ལྡོག་ཁོ་ནའི་དབང་གིས།
ཁྱོད་ཀྱི་འོད་ཟེར་དག་རེ་རེ་བཞིན་མེད་པར་བྱས་ཏེ།
གང་འདོད་ཀྱི་བཀླགས་མི་ཆོག་དུས།
ཡུལ་དབུས་ཙམ་ལས་མཇུག་སྒྲིལ་ལ་ཉེ།
ཁྱོད་ནི་སྔར་བཞིན་འོད་ཀྱི་སྐར་ཚོམ་ཞིག་ཡིན།
འོད་ཟེར་ལ་དུང་བའི་མི་རབས་ཏེ་གཞི་ནས་འགྱུར་ཏེ།
ཁྱོད་ལ་རྒྱབ་འགལ་རྒྱགས་ཀིན་འདུག
ཁོ་ཚོའི་རང་ཉིད་ཀྱི་བླ་སྲོག་འབོར་གྱིན་འདུག།
མི་བུ་རེ་ཟུང་གི་ངག་ན་གཉོམ་པའི་དབྱངས་གསལ།
འདི་ནི་ཁྱོད་ཀྱི་ཉེན་ཁའི་དུས་རབས་རེད།
             ༢༠༡༡    ༡༢     ༩ལ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།