ས་སྐྱ།


རྡོ་དང་ས་སྐྱའི་སྟེང་གི་ས་སྐྱ་
དེའི་སྟེང་གི་གནའ་བོའི་བཟོ་བཀོད་དག་
བྱེ་ཐང་ཆེན་པོའི་དཀྱིལ་གྱི་རྩྭ་ཕྲན་བཞིན་ཡིད་དུ་འོང་
ས་སྐྱ་ནས་གནའ་བོ་གནའ་བོ་ཞིག་དྲན་བྱུང་
གཟན་གོས་ཕྲག་པར་གཟར་བའི་བཙུན་པ་གཉིས་
ཆོས་དཔེ་ལག་ལ་བསྣམས་པའི་སྐྱ་བོ་གསུམ་
དེ་དག་གི་རྐྱེན་གྱིས་ངས་ས་སྐྱ་སྔ་མོ་ནས་ཐོས་མྱོང་
དེ་རིང་ཡང་སྤྲང་བོ་དང་ཁྱི་ལྡོམ་མཉམ་དུ་
ཟས་སློང་གིན་པའི་རྣམ་འགྱུར་དག་གིས་
ང་ལ་ནམ་ཡང་ས་སྐྱ་བརྗེད་མི་ཐུབ་པའི་དྲན་ཤིང་བཞག་སོང་
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་སྐྱ།

2012-02-10 མགར་ཚང་དར་རྒྱས། ཀློག་གྲངས། མཆན ཡོད།


རྡོ་དང་ས་སྐྱའི་སྟེང་གི་ས་སྐྱ་
དེའི་སྟེང་གི་གནའ་བོའི་བཟོ་བཀོད་དག་
བྱེ་ཐང་ཆེན་པོའི་དཀྱིལ་གྱི་རྩྭ་ཕྲན་བཞིན་ཡིད་དུ་འོང་
ས་སྐྱ་ནས་གནའ་བོ་གནའ་བོ་ཞིག་དྲན་བྱུང་
གཟན་གོས་ཕྲག་པར་གཟར་བའི་བཙུན་པ་གཉིས་
ཆོས་དཔེ་ལག་ལ་བསྣམས་པའི་སྐྱ་བོ་གསུམ་
དེ་དག་གི་རྐྱེན་གྱིས་ངས་ས་སྐྱ་སྔ་མོ་ནས་ཐོས་མྱོང་
དེ་རིང་ཡང་སྤྲང་བོ་དང་ཁྱི་ལྡོམ་མཉམ་དུ་
ཟས་སློང་གིན་པའི་རྣམ་འགྱུར་དག་གིས་
ང་ལ་ནམ་ཡང་ས་སྐྱ་བརྗེད་མི་ཐུབ་པའི་དྲན་ཤིང་བཞག་སོང་
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།