གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདང་མི་ཕོག་ས་ཅི་ཡོད།

2012-02-10 12:30:00 གེའུ། ཀློག་གྲངས། མཆན ཡོད།

                       ____རྨོག་རུ་བར་བྲིས་པ།
ང་ཚོའི་པགས་པའི་ནང་གི་ཤ
ཤའི་ནང་གི་དྲ་བར་བརྒྱུས་པ་ལྟ་བུའི་ཁྲག་རྩ
ཤ་ཁྲག་གིས་ཐུམ་བརྒྱབ་པའི་རུས་པ
རུས་པའི་སྒྲོམ་དུ་བཅུག་པའི་གློ་སྙིང་མཆིན་གསུམ
དེ་ལ་འདང་མི་ཕོག་ས་ཅི་ཡོད

ཞོ་སྐྱུར་ལྟ་བུའི་ཀླད་ཞོ
ཁྲག་ཐུམ་ལྟ་བུའི་གསོན་སྙིང
དེ་གཉིས་སྦྲེལ་བའི་སྐུད་པ་ཁྲ་བོ  སྐུད་པ་འཚིག་པོ
ཡང་མོ་རླུང་ལ་ཞོན་འདྲ་ཞིག
གྲང་མོ་ཙག་གིས་འཕྱིད་འདྲ་ཞིག
འདང་མི་ཕོག་ས་ཞིག་མེད་དེ
དཀར་པོ་ནི་དཀར་པོའོ   ནག་པོ་ཡང་ནག་པོའོ
མུན་ནག་ནང་གི་ཁ་བཏགས་ཀྱང་ནག་པོའོ
སྣང་བའི་འོག་གི་སོལ་བ་ཡང་དཀར་པོའོ

མདོར་ན་གོ་བ་དེ་ལྟ་བུ་ཞིག་སྤྲད་པས
མི་ཡིས་འདང་ཡོད་རྒུ་ཕོག་ནས་མཆི་མ་ཁོག་ཏུ་མིད་སྲིད
            2012  2  9
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།