སྙན་ངག་ཚན་པ་བཞི།

    སྙན་ངག་པ།
སྙན་ངག་གི་དུར་ཐང་ནས་ཁྱོད་ཀྱི་བེམ་རོ་མཐོང་ཀུན་འདུག
ཁ་པར་གྱི་རྒྱབ་ལྗོངས་ནས་ཁྱོད་ཀྱི་སྐད་ཆ་ཐོས་ཀུན་འདུག
ཤི་མ་གསོན་གྱི་ཁྱོད།
སྒྱུ་འཕྲུལ་གྱི་ཀློང་ལ་འཇུས་ནས་གང་ལ་ཆས་སོང་།
     བུད་མེད།
ཁྱིམ་གཞི་གསར་བ་དེའི་བདག་མོ།
རང་བཞིན་མི་རྟག་པའི་དུས་ཀྱི་མེ་ཏོག་ཡིན།
གནའ་བོའི་བསམ་བློ་རྙིང་བ་ལ་མ་གཞི་ཡོད་ན།
ཁྱོད་ཀྱི་ཕམ་ཁ་གཏད་ནས་ཁུར་མི་དགོས།
    ངོ་ལོག་པ།
འཇིག་རྟེན་གསར་བ་ཞིག་གི་ལོག་མལ་ནས་ཉལ་དུས།
བོར་ཟིན་པའི་ཁ་སང་གི་དཀོན་མཆོག
དེ་རིང་ཁྱོད་ཀྱིས་དགྲ་ཟླ་ཡིན།
རྒྱུ་མཚན་ཁྱོད་ངེད་ཚང་གི་ཁོར་ཡུག་ན་ཡོད་དམ།
     སྤྲང་བོ།
སྟོང་བའི་མཁའ་དབྱིངས་ལ་དངན་པ་འཐེན་དུས།
ཐོབ་མི་སྲིད་པའི་དངོས་གྲུབ།
དཀོན་མཆོག་ལ་ཞུ་བ་མེད་ན།
དཔེ་མི་སྲིད་་་་་

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཚན་པ་བཞི།

2012-02-08 མཚོ་ལྷོ་མུ་ཏིག ཀློག་གྲངས། མཆན ཡོད།

    སྙན་ངག་པ།
སྙན་ངག་གི་དུར་ཐང་ནས་ཁྱོད་ཀྱི་བེམ་རོ་མཐོང་ཀུན་འདུག
ཁ་པར་གྱི་རྒྱབ་ལྗོངས་ནས་ཁྱོད་ཀྱི་སྐད་ཆ་ཐོས་ཀུན་འདུག
ཤི་མ་གསོན་གྱི་ཁྱོད།
སྒྱུ་འཕྲུལ་གྱི་ཀློང་ལ་འཇུས་ནས་གང་ལ་ཆས་སོང་།
     བུད་མེད།
ཁྱིམ་གཞི་གསར་བ་དེའི་བདག་མོ།
རང་བཞིན་མི་རྟག་པའི་དུས་ཀྱི་མེ་ཏོག་ཡིན།
གནའ་བོའི་བསམ་བློ་རྙིང་བ་ལ་མ་གཞི་ཡོད་ན།
ཁྱོད་ཀྱི་ཕམ་ཁ་གཏད་ནས་ཁུར་མི་དགོས།
    ངོ་ལོག་པ།
འཇིག་རྟེན་གསར་བ་ཞིག་གི་ལོག་མལ་ནས་ཉལ་དུས།
བོར་ཟིན་པའི་ཁ་སང་གི་དཀོན་མཆོག
དེ་རིང་ཁྱོད་ཀྱིས་དགྲ་ཟླ་ཡིན།
རྒྱུ་མཚན་ཁྱོད་ངེད་ཚང་གི་ཁོར་ཡུག་ན་ཡོད་དམ།
     སྤྲང་བོ།
སྟོང་བའི་མཁའ་དབྱིངས་ལ་དངན་པ་འཐེན་དུས།
ཐོབ་མི་སྲིད་པའི་དངོས་གྲུབ།
དཀོན་མཆོག་ལ་ཞུ་བ་མེད་ན།
དཔེ་མི་སྲིད་་་་་

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།