གཡུ་ཆུང་དྲུག་དཀར།

གླག་ནག་པོ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-05

རྣམ་ཤེས་ཀྱི་ཁྲག་རྒྱུན་ལ་འདྲེས་པའི་གསེར་གི་ཡིག་རིས
སུ་ཞིག་གི་མགྲིན་པར་ཁེགས་ནས་ཡུན་རིང་ལུས
        
འཇམ་མཉེན་གྱི་རོལ་དབྱངས་རྒུམ་པའི་ཞེ་འདང
 དུས་ཚིགས་ཀྱི་སྔ་རོལ་ནས་ཚེས་ཤིང
 དུངས་ཞེན་གྱི་གཞི་རྐང་ལ་ཟུག
 རེ་བའི་རྨི་ལམ་དང་མིག་ཟུང་གི་འཛུམ་ཞགས
 རི་བོའི་དཔུང་ཚོགས་ཀྱིས་བཅད་པའི་ཕ་མཐར་བསྲིངས
              
 ཨ་མའི་ལག་ཟུང་གི་སེར་ག་ལྟ་བུའི་ན་ཟུག་སློང་མཁན་དེ
དྲན་པ་དགུ་བརྩེགས་ཀྱི་གཏིང་རིམ་དུ་སྦས
 རུས་པར་བྲིས་པའི་ལྷན་འཛོམས་ཀྱི་ཁ་ཆད
 ཟུངས་ཁྲག་གི་བཞུར་རྒྱུན་ལ་བཏབ
 
རྨི་ལམ་གྱི་མངའ་ཐང་བཤམས་པའི་མཚན་མོར
ཐག་རིང་ན་འགུལ་གྱིན་པའི་ལ་གཞས་ཀྱི་དབྱངས་རྟ
མིག་གི་རྫི་རྩེར་ཕོག་པའི་ཉི་ཟེར་གྱི་འདབ་མས་སྦྲུམ
རྩྭ་འགོའི་ཟིལ་ཐིགས་ལ་འོད་ཟེར་འཚེར་དུས
ལག་པ་ཐོད་པར་བཞག་ནས
ངང་སྒུག་གི་མིག་ཟུང་གནམ་སའི་ཧྲག་བར་ལ་གཏད
              
འཐོར་རླུང་གི་སོ་ཁར་རལ་བའི་དར་ལྕོག་གི་སྨྲེང་བ
ཁ་སང་གི་ངོ་གདོང་དུ་ལྷུང་བའི་དུས་ཚོད་ཀྱི་བརླན་བཤེར་ལ་འབྱར
ཐག་རིང་གི་དྲན་པའམ་ཐག་ཉེ་ཡི་སྨྲེང་བ
དབྱངས་རྟ་དེའི་དམ་ལྷོད་ཀྱི་འཛུམ་ཀོང་ནས་སྨིན
 
ཇག་པའམ་འཁྱམ་པ་གང་ཡང་མ་ཡིན་པར
ཧ་ཅང་ཐག་རིང་ཐག་རིང་གི་སྣེ་ནས
རེ་སྒུག་གི་གླུ་ངག་འཐུ་བའི་སྐྱ་མི་ཁེར་རྐྱང
ང་རང་ཡིན་པའི་ངེས་ཤེས་འདྲོངས
 
རྒོད་པོ་བྲག་ཐེམ་ལ་འཁོར་བའི་ཉི་ནུབ་ཀྱི་སྔ་རྗེས
འདྲེན་བྱེད་ཀྱི་མཆི་མར་འདྲིལ་ནས་མཁུར་མགོར་ལྷུང
བསམ་གཞིག་གི་ཁ་བ་ཧམ་གྱིས་འགེམ་བཞིན
 དུས་ཚིགས་ལྗང་ཁུ་ཞིག་གི་རེ་སྨོན་ལ་འཇུ་དུས
 ཁྱོད   དྭངས་གཙང་གི་སེམས་པས་བཏེགས་པའི
དངུལ་དཀར་མཛུབ་དཀྲིས་དེ་མིན་པའི་ཐེ་ཚོམ་བྲལ
 
ངང་མོ་ཞིག་མཚོ་ཁར་ཆགས་པའི་གཏམ་རྒྱུད
 སུ་ཞིག་ལ་བསྐྱུར་བའི་ཁ་དན་དེ་ཡིན་ནམ
དགུ་མདུད་དུ་གྱུར་བའི་བརྩེ་འདང་དེ་བསམ་ན
དུས་ཚོད་ཀྱི་གོ་རིམ་ལྡག་གྱིན་པའི་རྔོན་པ་རྟ་ཞོན
 ཞོགས་པ་དང་ས་སྲོད་གང་རུང་ལ
ཁྱོད་ཀྱི་གཞིས་ཀར་འབྱོར་ངེས
              ༢༠༠༩ ༦ ༢ཉིན་ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡུ་ཆུང་དྲུག་དཀར།

2012-02-05 གླག་ནག་པོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།