གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་སློབ་གྲྭར་གཏོང་རོགས།

2012-02-04 06:11:00 ལྷ་གཡག་དར་མ། ཀློག་གྲངས། མཆན ཡོད།


བརྩེ་བའི་དྲིན་ཆེན་ཕ་མ་སྤུན་མཆེད། །
 ཁྱེད་ཚོས་བུ་ངར་ཤ་ཞེན་ཡོད་ན ། །
བློ་དང་རིག་པ་གསལ་བའི་དུས་ནས།། 
 ཤེས་རིག་ནོར་བུའི་གླིང་དེར་བསྐྱལ་རོགས། །
 
ཁ་ལ་གང་མངར་རྩེད་འཇོག་མ་གཏོགས། །
སྔ་བསམ་ཕྱི་འདིང་གང་ཡང་མེད་པའི། །
གཅེས་ཕྲུག་ལང་ཤོར་དབང་དུ་མ་གཏོང་། །
མིག་རྒྱང་རིང་སྐྱེད་སློབ་གྲྭར་བསྐྱལ་རོགས། །
 
ཐོན་ཁུངས་བཟང་བས་སྒོར་མོ་མང་རུང་། །
རིག་གནས་མེད་པས་གཞན་དང་གཤིབ་དུས། །
མི་དང་དུད་འགྲོའི་རྣམ་ཐར་སྐྱོང་ཐལ། །
དོན་འདིར་གཞིགས་ནས་སློབ་གྲྭར་གཏོང་རོགས། །
 
ང་དང་མཉམ་པའི་བུ་ཕྲུག་གཞན་གྱིས། །
རང་གི་སྐད་ཡིག་གཙོ་བོར་འཛིན་ནས། །
གཞན་གྱི་རིག་ཚན་སྦྱང་བརྩོན་བགྱིས་ཏེ། །
སྔོན་ཐོན་མི་ཡི་གྲར་ལ་ཆས་འདུག །
 
ཁོ་ཚོ་འདྲ་བའི་བློ་རིག་ཡོད་པས། །
གཅེས་ཕྲུག་ཟེར་བཞིན་ལག་གཡོག་མ་ཉར། །
རྒྱུ་དང་ནོམས་པ་རྗེས་བཞག་མེད་རུང་། །
ཤེས་ཡོན་འཛོམས་སར་སློབ་གྲྭར་གཏོང་རོགས། །
 
ལོ་ན་ཆུང་བས་སློལ་ལོ་ལོན་མེད། །
བློ་ཁོག་ཆུང་བས་གཞན་གྱིས་མཐོང་ཆུང་། །
ཞེས་སོགས་དགོས་མེད་དོན་དག་མ་འཚོལ། །
བློ་རྒྱ་ཆེར་སྐྱེད་སློབ་གྲྭར་གཏོང་རོགས། །
 
གསལ་བཤད།
 གུས་པའི་ཕ་ཡུལ་གྱི་ཁྱིམ་ཚང་འགས་གནས་སྐབས་དབྱར་རྩྭ་དགུན་འབུའི་ཡོངས་འབབ་ལས་
་གཞིགས་ཏེ་བུ་ཕྲུག་སློབ་གྲྭར་མི་གཏོང་བ་དག་ལ་གྲོས་འདེབས་ཚུལ་དུ་བྲིས། །
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།