གྲོང་དང་གྲོང་ཁྱེར།


མི་ཚོགས་རླུང་དང་འགྲོགས་ཏེ་གཤར་གྱིན་འདུག
འཕྲུལ་འཁོར་གྱི་ཆོམ་སྒྲས་འུར་ལ་བསྐུར་ཅིང
མི་ཚོགས་ཀྱིས་ཧབ་ཆས་མཆི་མ་དོར་ཏེ
གྲོང་ཁྱེར་བཏེགས་ཏེ་མཁའ་དབྱིངས་སུ་བསྐྱོན
 
ཕ་ཡུལ་དུ་ལྷིང་འཇགས་རུམ་ཞིང
བག་ཕེབས་ཀྱི་རྨི་ལམ་སྒོམ
རང་བྱུང་ཁམས་ཀྱིས་བགོ་སྐལ་དུ་གནང་བའི་དབུགས་ཀྱི་འབྱིན་རྔུབ
སུ་ཞིག་གིས་འཕྲོག་པར་དོགས
 
རི་ཀླུང་གིས་རྨ་ཁ་ཁུར་ཅིང
ཆུ་ཕྲན་དང་གཙང་བོས་སྦགས་བཙོག་ཁྱེར་ཏེ
ཕ་ཡུལ་དང་གྱེས་ཐེངས་རེ་རེར
མི་ཡུལ་ན་དག་ཞིང་ཞེས་སྒོམ་རྒྱུ་ཞིག་ཡོད་དམ
 
སྤང་ཐང་བྱེས་མས་བཟུང་ཞིང
སྦྲ་ནག་ནང་གི་དགོད་སྒྲ་འཇགས་ལ་ཉེ་དུས
བློས་མི་ཐོངས་པའི་ཕ་ཡུལ་གང་ན་ཡོད
འདྲིས་ཤིང་ལོབས་པའི་ལུག་ཁྱུ་དང་ནོར་གནག་གང་ན་ཡོད
 
རྟ་ཕོའི་རྨུག་རྗེས་ཡལ་ནས་དུ་ཙམ་འགོར་ཡོད
ཞོ་དང་འོ་མའི་མངར་ཁ་དོར་ཏེ
མི་ཡུལ་ན་ད་དུང་འཐོབ་རྒྱུ་ཞིག་ཡོད་པར་བསམ་མྱོང
ཕ་ཡུལ་ན་བཙལ་ན་རྙེད་རྒྱུ་ཞིག་ཡོད་པར་འདོད་མྱོང
ཡོད་ཚད་དོར་ཏེ་གནས་འདིར་ཐོན་དུས
ཕ་ཡུལ་གྱི་སྐྱོ་ཉམས་དེ་དང
གྲོང་ཁྱེར་གྱི་འཚུབ་ཆ་དེ་ལས
ཅི་ཡང་ལྷག་མི་འདུག
                ༢༠༡༡ལོའི་ཟླ༡༡པའི་ཚེས༥ཉིན་གྱི་ཞོགས་པར་མགྲོན་ཁང་དུ་སྦྱར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་དང་གྲོང་ཁྱེར།

2012-02-02 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།


མི་ཚོགས་རླུང་དང་འགྲོགས་ཏེ་གཤར་གྱིན་འདུག
འཕྲུལ་འཁོར་གྱི་ཆོམ་སྒྲས་འུར་ལ་བསྐུར་ཅིང
མི་ཚོགས་ཀྱིས་ཧབ་ཆས་མཆི་མ་དོར་ཏེ
གྲོང་ཁྱེར་བཏེགས་ཏེ་མཁའ་དབྱིངས་སུ་བསྐྱོན
 
ཕ་ཡུལ་དུ་ལྷིང་འཇགས་རུམ་ཞིང
བག་ཕེབས་ཀྱི་རྨི་ལམ་སྒོམ
རང་བྱུང་ཁམས་ཀྱིས་བགོ་སྐལ་དུ་གནང་བའི་དབུགས་ཀྱི་འབྱིན་རྔུབ
སུ་ཞིག་གིས་འཕྲོག་པར་དོགས
 
རི་ཀླུང་གིས་རྨ་ཁ་ཁུར་ཅིང
ཆུ་ཕྲན་དང་གཙང་བོས་སྦགས་བཙོག་ཁྱེར་ཏེ
ཕ་ཡུལ་དང་གྱེས་ཐེངས་རེ་རེར
མི་ཡུལ་ན་དག་ཞིང་ཞེས་སྒོམ་རྒྱུ་ཞིག་ཡོད་དམ
 
སྤང་ཐང་བྱེས་མས་བཟུང་ཞིང
སྦྲ་ནག་ནང་གི་དགོད་སྒྲ་འཇགས་ལ་ཉེ་དུས
བློས་མི་ཐོངས་པའི་ཕ་ཡུལ་གང་ན་ཡོད
འདྲིས་ཤིང་ལོབས་པའི་ལུག་ཁྱུ་དང་ནོར་གནག་གང་ན་ཡོད
 
རྟ་ཕོའི་རྨུག་རྗེས་ཡལ་ནས་དུ་ཙམ་འགོར་ཡོད
ཞོ་དང་འོ་མའི་མངར་ཁ་དོར་ཏེ
མི་ཡུལ་ན་ད་དུང་འཐོབ་རྒྱུ་ཞིག་ཡོད་པར་བསམ་མྱོང
ཕ་ཡུལ་ན་བཙལ་ན་རྙེད་རྒྱུ་ཞིག་ཡོད་པར་འདོད་མྱོང
ཡོད་ཚད་དོར་ཏེ་གནས་འདིར་ཐོན་དུས
ཕ་ཡུལ་གྱི་སྐྱོ་ཉམས་དེ་དང
གྲོང་ཁྱེར་གྱི་འཚུབ་ཆ་དེ་ལས
ཅི་ཡང་ལྷག་མི་འདུག
                ༢༠༡༡ལོའི་ཟླ༡༡པའི་ཚེས༥ཉིན་གྱི་ཞོགས་པར་མགྲོན་ཁང་དུ་སྦྱར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།