གངས་བུ་གནས་སའི་འཚོ་སྟངས།

འཕྲིན་རྒྱམ།༼རྨ་ཆེན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-23


ལ་རྒྱ་ཡི་བཞུར་རྒྱུན་དྲག་ཏུ་འཕྱོ་བའི་རྨ་ཀླུང་སྔོན་མོ་དེ་ཤར་ནས་ནུབ་དུ་འབབ་ཀྱིན་འདུག
རུས་རྐང་ལ་ཟུག་སྔུ་སྟེར་བའི་གྲང་རླུང་ནག་པོ་དེ་ལྷོ་ནས་བྱང་དུ་ལྡིང་གིན་འདུག
སྐབས་འགར་ཀུན་ལ་བདེ་སྨོན་གྱི་རེ་བའི་ཁེངས་བའི་ཆོས་དུང་གི་སྒྲ་དབྱངས་སྒྲོག་འོངས་ལ
སྐབས་འགར་ཀུན་ལ་རྣམ་རྟོག་གི་ལམ་སྣ་སྐྱོང་བའི་སྲིན་བྱ་ཡི་ཐན་སྐད་འབྱིན་འོངས
མཛེས་མ་ཡི་དྲོད་ཁོལ་དབེན་པའི་ཁང་ཆུང་ཞིག་རལ་དེ་གངས་བུའི་གནས་ཚང་ཡིན་ལ
ལུས་སེམས་ལ་ཆག་གྲུམ་ཤོར་བའི་གཞོན་ནུ་དེ་དག་གངས་བུའི་སློབ་མ་ཡིན
དེ་སྔ    རྨི་ལམ་དང་འབྱུང་འགྱུར་ལ་ཞེན་པའི་གངས་བུ
མ་འོངས་བར་ཤི་ནའང་མིག་མི་བཙུམས་པའི་གངས་བུ
 
ཤར་ནུབ་རིག་གནས་ཀྱི་འབྲོང་ཤ་རྔམས་ཀྱིས་ཟ་དགོས་ཟེར་མཁན་ཞིག་གངས་བུ་ཚང་ནས་ལམ་ལ་ཆས
ཁ་ནསokསྨྲ་མཁན་གྱི་བུ་མོ་ཆུང་ཆུང་ཞིག་གངས་བུ་ཚང་གི་ཇ་མ་ཡིན
འདས་བྱས་མི་རྟག་སྒོམ་མཁན་གྱི་གྲ་བ་ཞིག་གངས་བུ་ཚང་གི་ཁང་སྒོ་ནས
རློམ་དཀའ་ཡང་བདེན་ཅོག་ཅོག་གི་ལུང་བསྟན་གང་མང་བཤད་བཞིན་བུད་སོང
ང་ཚོ་རེམ་མ་འཆི་དགོས་ཟེར་མཁན་ཞིག་གངས་བུའི་སྒོ་ཁ་ན་དྲགས་ཀྱིས་འགྱིངས་ཤིང
ཁོ་དང་བསྡུར་ན་ལོ་ལྔ་ཡི་ཆུང་བས      ཁོ་ལ་སྐྲག་སྣང་མེད་མོད
དེ་དག་ཚང་མ་ཁོ་བོའི་དྲན་ཤིང་ཡིན
 
གངས་བུ    མཛེས་མ་དང་ཇ་ཆང་གི་མངར་ཁ་འཚོལ་བའི་གངས་བུ
རིག་གནས་དང་ལ་རྒྱ་ཡི་གསང་བ་ན་ཉུལ་བའི་གངས་བུ
མངོན་སུམ་དང་ལྐོག་གྱུར་གྱི་བར་འཚམས་སུ་འགྲེངས་བའི་གངས་བུ
ལྷ་དང་མི་དང     ཐ་ན་རང་ཉིད་ཀྱང་མཁོ་མེད་སྨྲ་བའི་གངས་བུ
ཡིན་ན་འང     མ་འོངས་བར་གངས་བུའི་བྲང་ཁོག་ལ་དྲོད་ཁོལ་རྒྱས་ཚེ
གངས་བུ་ནམ་རྒྱུན་ཁྱེད་དང་ཡང་ན་གཞན་དག་གི་སེམས་རྟེན་ཡིན་ཆོག་ལ
གངས་བུ་ནམ་རྒྱུན་ཁྱེད་ཅག་གི་དྲན་ཤིང་ཀྱང་ཡིན་སྲིད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་བུ་གནས་སའི་འཚོ་སྟངས།

2012-01-23 འཕྲིན་རྒྱམ།༼རྨ་ཆེན༽ ཀློག་གྲངས། མཆན ཡོད།


ལ་རྒྱ་ཡི་བཞུར་རྒྱུན་དྲག་ཏུ་འཕྱོ་བའི་རྨ་ཀླུང་སྔོན་མོ་དེ་ཤར་ནས་ནུབ་དུ་འབབ་ཀྱིན་འདུག
རུས་རྐང་ལ་ཟུག་སྔུ་སྟེར་བའི་གྲང་རླུང་ནག་པོ་དེ་ལྷོ་ནས་བྱང་དུ་ལྡིང་གིན་འདུག
སྐབས་འགར་ཀུན་ལ་བདེ་སྨོན་གྱི་རེ་བའི་ཁེངས་བའི་ཆོས་དུང་གི་སྒྲ་དབྱངས་སྒྲོག་འོངས་ལ
སྐབས་འགར་ཀུན་ལ་རྣམ་རྟོག་གི་ལམ་སྣ་སྐྱོང་བའི་སྲིན་བྱ་ཡི་ཐན་སྐད་འབྱིན་འོངས
མཛེས་མ་ཡི་དྲོད་ཁོལ་དབེན་པའི་ཁང་ཆུང་ཞིག་རལ་དེ་གངས་བུའི་གནས་ཚང་ཡིན་ལ
ལུས་སེམས་ལ་ཆག་གྲུམ་ཤོར་བའི་གཞོན་ནུ་དེ་དག་གངས་བུའི་སློབ་མ་ཡིན
དེ་སྔ    རྨི་ལམ་དང་འབྱུང་འགྱུར་ལ་ཞེན་པའི་གངས་བུ
མ་འོངས་བར་ཤི་ནའང་མིག་མི་བཙུམས་པའི་གངས་བུ
 
ཤར་ནུབ་རིག་གནས་ཀྱི་འབྲོང་ཤ་རྔམས་ཀྱིས་ཟ་དགོས་ཟེར་མཁན་ཞིག་གངས་བུ་ཚང་ནས་ལམ་ལ་ཆས
ཁ་ནསokསྨྲ་མཁན་གྱི་བུ་མོ་ཆུང་ཆུང་ཞིག་གངས་བུ་ཚང་གི་ཇ་མ་ཡིན
འདས་བྱས་མི་རྟག་སྒོམ་མཁན་གྱི་གྲ་བ་ཞིག་གངས་བུ་ཚང་གི་ཁང་སྒོ་ནས
རློམ་དཀའ་ཡང་བདེན་ཅོག་ཅོག་གི་ལུང་བསྟན་གང་མང་བཤད་བཞིན་བུད་སོང
ང་ཚོ་རེམ་མ་འཆི་དགོས་ཟེར་མཁན་ཞིག་གངས་བུའི་སྒོ་ཁ་ན་དྲགས་ཀྱིས་འགྱིངས་ཤིང
ཁོ་དང་བསྡུར་ན་ལོ་ལྔ་ཡི་ཆུང་བས      ཁོ་ལ་སྐྲག་སྣང་མེད་མོད
དེ་དག་ཚང་མ་ཁོ་བོའི་དྲན་ཤིང་ཡིན
 
གངས་བུ    མཛེས་མ་དང་ཇ་ཆང་གི་མངར་ཁ་འཚོལ་བའི་གངས་བུ
རིག་གནས་དང་ལ་རྒྱ་ཡི་གསང་བ་ན་ཉུལ་བའི་གངས་བུ
མངོན་སུམ་དང་ལྐོག་གྱུར་གྱི་བར་འཚམས་སུ་འགྲེངས་བའི་གངས་བུ
ལྷ་དང་མི་དང     ཐ་ན་རང་ཉིད་ཀྱང་མཁོ་མེད་སྨྲ་བའི་གངས་བུ
ཡིན་ན་འང     མ་འོངས་བར་གངས་བུའི་བྲང་ཁོག་ལ་དྲོད་ཁོལ་རྒྱས་ཚེ
གངས་བུ་ནམ་རྒྱུན་ཁྱེད་དང་ཡང་ན་གཞན་དག་གི་སེམས་རྟེན་ཡིན་ཆོག་ལ
གངས་བུ་ནམ་རྒྱུན་ཁྱེད་ཅག་གི་དྲན་ཤིང་ཀྱང་ཡིན་སྲིད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།