སྙན་ངག་ཚན་པ་གཉིས།

གཙང་ཁ་བསོད་ནམས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-21

           གྲང་རེག་གིས་མནར་བའི་དགོང་མོར།
ལྕགས་ལམ་ཕྲ་མོ་རྨུ་ཐག་ལས་ཀྱང་རིང་། །
བསམ་མེད་མེ་འཁོར་སྐྱི་སེར་རླུང་དང་འགྲོགས། །
དགོང་མོའི་ལྷག་རླུང་རྣོ་ངར་གྲི་ལས་ཚ། །
གཉིད་ཀྱི་བུ་མོ་གྲང་རེག་བ་མོས་བཅོམ། །

ཕྱོགས་བསྐྱོད་འགྲོན་པོ་མ་སྐུལ་ངང་གིས་འདུར། །
ཞོགས་པའི་སྐྱ་རེངས་མཁའ་མཐར་མ་བཞད་སྔོན། །
གློ་བུར་དྲོད་ཀྱི་བདེ་བར་འཚོལ་བར་ཕྱིར། །
ཇ་དང་ཇ་ཞེས་བྲེལ་བ་གློག་བཞིན་འཚུབ། །
     

       ཚ་གདུང་གིས་གཟིར་བའི་ཉིན་མོ།
ཚ་བས་གདུང་བའི་ཁྲུང་ཁྲུང་འཕུར་རྩལ་ཉམས། །
སྐད་ངན་འབྱིན་བཞིན་ལྷོ་མཐའི་ཕྱོགས་སུ་ལྡིང་། །
འགྲོན་པོའི་ཚོར་བ་ཚ་གདུང་དྲག་པོས་བཅོམ། །
རྔུལ་ནག་ཕྱི་བཞིན་མིག་ཞགས་མཁའ་ལ་འཕེན། །

མེ་འཁོར་རིང་བོ་སྤྱི་བསིལ་རླུང་དང་འགྲོགས། །
ཚ་དྲོད་ངར་མ་སྒེ་འུ་ཁུང་ནས་འཛུལ། །
ཕྱོགས་སྐྱོད་འགྲོན་པོའི་རྔུལ་ནག་ཆུ་ལྟར་ལྡིང་། །
མཁའ་རླུང་བསིལ་མོ་བསྒུགས་ནས་ཉིན་མ་ཟད། །
           

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཚན་པ་གཉིས།

2012-01-21 གཙང་ཁ་བསོད་ནམས་རྡོ་རྗེ། ཀློག་གྲངས། མཆན ཡོད།

           གྲང་རེག་གིས་མནར་བའི་དགོང་མོར།
ལྕགས་ལམ་ཕྲ་མོ་རྨུ་ཐག་ལས་ཀྱང་རིང་། །
བསམ་མེད་མེ་འཁོར་སྐྱི་སེར་རླུང་དང་འགྲོགས། །
དགོང་མོའི་ལྷག་རླུང་རྣོ་ངར་གྲི་ལས་ཚ། །
གཉིད་ཀྱི་བུ་མོ་གྲང་རེག་བ་མོས་བཅོམ། །

ཕྱོགས་བསྐྱོད་འགྲོན་པོ་མ་སྐུལ་ངང་གིས་འདུར། །
ཞོགས་པའི་སྐྱ་རེངས་མཁའ་མཐར་མ་བཞད་སྔོན། །
གློ་བུར་དྲོད་ཀྱི་བདེ་བར་འཚོལ་བར་ཕྱིར། །
ཇ་དང་ཇ་ཞེས་བྲེལ་བ་གློག་བཞིན་འཚུབ། །
     

       ཚ་གདུང་གིས་གཟིར་བའི་ཉིན་མོ།
ཚ་བས་གདུང་བའི་ཁྲུང་ཁྲུང་འཕུར་རྩལ་ཉམས། །
སྐད་ངན་འབྱིན་བཞིན་ལྷོ་མཐའི་ཕྱོགས་སུ་ལྡིང་། །
འགྲོན་པོའི་ཚོར་བ་ཚ་གདུང་དྲག་པོས་བཅོམ། །
རྔུལ་ནག་ཕྱི་བཞིན་མིག་ཞགས་མཁའ་ལ་འཕེན། །

མེ་འཁོར་རིང་བོ་སྤྱི་བསིལ་རླུང་དང་འགྲོགས། །
ཚ་དྲོད་ངར་མ་སྒེ་འུ་ཁུང་ནས་འཛུལ། །
ཕྱོགས་སྐྱོད་འགྲོན་པོའི་རྔུལ་ནག་ཆུ་ལྟར་ལྡིང་། །
མཁའ་རླུང་བསིལ་མོ་བསྒུགས་ནས་ཉིན་མ་ཟད། །
           

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།