རྨ་གཞུང་གི་ཞོགས་པ། རྭ་རྒྱའི་ཞོགས་པ།

གངས་ཞེན།༼མགོ་ལོག༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-17


རྨ་གཞུང་གི་ཞོགས་པ    ཁྱང་མགོན་རི་བོའི་རི་ཤོད་ནས་དལ་གྱིས་འཛུམ་འོངས
འགྱུར་དབྱངས་མི་འདྲ་བའི་རོལ་དབྱངས་འདི་དག
རྨ་ཀླུང་སྔོན་མོའི་རླབས་རྒྱུན་དང་འགྲོགས་ནས་མཛེས་མའི་བཞིན་མདངས་ལས་སྨིན་པའི་
ས་ཆེན་འདི་གཉིད་ལས་དཀྲོགས་འོངས

རྨ་གཞུང་གི་ཞོགས་པ  རྭ་རྒྱའི་ཞོགས་པ
ཆོས་དུང་གི་སྒྲ་དབྱངས་མངོན་པར་གསལ་བའི་ཞོགས་པ
བསུང་ངད་ཀྱི་བསང་དུད་མཁའ་རུ་འཕྱོ་བའི་ཞོགས་པ
མི་དང་མིའི་ལུས་སེམས་ལ་གཙང་དག་བྱེད་ཆོག་པའི་ཞོགས་པ
ང་དང་ངའི་ལས་མཐུན་ཚོའི་རེ་འབྲས་ལ་ཁ་ཏོག་སྨིན་དུས་ཀྱི་ཞོགས་པ

ཞ་ཟེར་གྱི་བསྟན་རྒྱུན་མ་ཡལ་བའི་རྭ་རྒྱའི་དགོན་པ་
བོད་པ་ཚོའི་གོམས་སྲོལ་མ་ཡལ་བའི་རྭ་རྒྱའི་གྲོང་རྡལ
གནས་འདི་ནས་       ང་ཚོ་དང་ཆེས་རྒྱང་ཐག་རིང་བའི
སེམས་པ་ཡི་ཆེས་ཟབ་སར་གནས་པའི
ང་ཚོ་དང་སེམས་ཀྱི་དམིག ས་འདུན་གཅིག་པའི་སྤུན་ ཟླ་དག་གི་མཛའ་བརྩེ་དྲན་འོངས
ཏག་ཏག་ལ  དེ་རིང་གི་ཞོགས་པའི་ཉི་ཟེར་ལ་ཇི་འདྲའི་གསེར་འོད་འཕྲོ་ཨང
དེ་རིང་གི་ཞོགས་པའི་གཟི་བྱིན་ཁྲོད་ནས
ཨ་རིག་དགེ་བཤེས་ཆེན་མོས་བསྟན་རྒྱུན་བསྐྱངས་བའི་མཛད་རྗེས་དྲན་འོངས་ལ
ཕྱག་མཛོད་བྱམས་པ་གསུང་རབ་ཀྱིས་རྩིས་རྒྱུུན་སྤེལ་བའི་བྱས་རྗེས་དྲན་འོངས
འོ   འདི་ནི་རྭ་རྒྱ་རེད    འདི་ནི་རིག་གནས་ཀྱི་མ་ལག་ཚང་སའི་རྭ་རྒྱ་རེད
འདི་ནི་འབྲོག་དམངས་ཀྱི་འཚོ་བ་རྒྱས་སའི་རྭ་རྒྱ་ཡིན
སྐྱ་རེངས་ཀྱི་འཛུམ་ཞལ་ཁྲོད་ནས
ང་རང་དད་པ་དང་དག་སྣང་ཁྲོད་རྭ་རྒྱ་ཡི་རང་མདངས་ལ་འཐིམ་ཞིང
ཞོགས་གསར་གྱི་འཛུམ་ཟེར་ཁྲོད་ནས
ངའི་ཕ་ཡུལ་རྭ་རྒྱ    ཁྱེད་ནི་ངའི་རྟག་བརྟན་གྱི་ཞིང་ཁམས་ཡིན་པར་སྨོན
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་གཞུང་གི་ཞོགས་པ། རྭ་རྒྱའི་ཞོགས་པ།

2012-01-17 གངས་ཞེན།༼མགོ་ལོག༽ ཀློག་གྲངས། མཆན ཡོད།


རྨ་གཞུང་གི་ཞོགས་པ    ཁྱང་མགོན་རི་བོའི་རི་ཤོད་ནས་དལ་གྱིས་འཛུམ་འོངས
འགྱུར་དབྱངས་མི་འདྲ་བའི་རོལ་དབྱངས་འདི་དག
རྨ་ཀླུང་སྔོན་མོའི་རླབས་རྒྱུན་དང་འགྲོགས་ནས་མཛེས་མའི་བཞིན་མདངས་ལས་སྨིན་པའི་
ས་ཆེན་འདི་གཉིད་ལས་དཀྲོགས་འོངས

རྨ་གཞུང་གི་ཞོགས་པ  རྭ་རྒྱའི་ཞོགས་པ
ཆོས་དུང་གི་སྒྲ་དབྱངས་མངོན་པར་གསལ་བའི་ཞོགས་པ
བསུང་ངད་ཀྱི་བསང་དུད་མཁའ་རུ་འཕྱོ་བའི་ཞོགས་པ
མི་དང་མིའི་ལུས་སེམས་ལ་གཙང་དག་བྱེད་ཆོག་པའི་ཞོགས་པ
ང་དང་ངའི་ལས་མཐུན་ཚོའི་རེ་འབྲས་ལ་ཁ་ཏོག་སྨིན་དུས་ཀྱི་ཞོགས་པ

ཞ་ཟེར་གྱི་བསྟན་རྒྱུན་མ་ཡལ་བའི་རྭ་རྒྱའི་དགོན་པ་
བོད་པ་ཚོའི་གོམས་སྲོལ་མ་ཡལ་བའི་རྭ་རྒྱའི་གྲོང་རྡལ
གནས་འདི་ནས་       ང་ཚོ་དང་ཆེས་རྒྱང་ཐག་རིང་བའི
སེམས་པ་ཡི་ཆེས་ཟབ་སར་གནས་པའི
ང་ཚོ་དང་སེམས་ཀྱི་དམིག ས་འདུན་གཅིག་པའི་སྤུན་ ཟླ་དག་གི་མཛའ་བརྩེ་དྲན་འོངས
ཏག་ཏག་ལ  དེ་རིང་གི་ཞོགས་པའི་ཉི་ཟེར་ལ་ཇི་འདྲའི་གསེར་འོད་འཕྲོ་ཨང
དེ་རིང་གི་ཞོགས་པའི་གཟི་བྱིན་ཁྲོད་ནས
ཨ་རིག་དགེ་བཤེས་ཆེན་མོས་བསྟན་རྒྱུན་བསྐྱངས་བའི་མཛད་རྗེས་དྲན་འོངས་ལ
ཕྱག་མཛོད་བྱམས་པ་གསུང་རབ་ཀྱིས་རྩིས་རྒྱུུན་སྤེལ་བའི་བྱས་རྗེས་དྲན་འོངས
འོ   འདི་ནི་རྭ་རྒྱ་རེད    འདི་ནི་རིག་གནས་ཀྱི་མ་ལག་ཚང་སའི་རྭ་རྒྱ་རེད
འདི་ནི་འབྲོག་དམངས་ཀྱི་འཚོ་བ་རྒྱས་སའི་རྭ་རྒྱ་ཡིན
སྐྱ་རེངས་ཀྱི་འཛུམ་ཞལ་ཁྲོད་ནས
ང་རང་དད་པ་དང་དག་སྣང་ཁྲོད་རྭ་རྒྱ་ཡི་རང་མདངས་ལ་འཐིམ་ཞིང
ཞོགས་གསར་གྱི་འཛུམ་ཟེར་ཁྲོད་ནས
ངའི་ཕ་ཡུལ་རྭ་རྒྱ    ཁྱེད་ནི་ངའི་རྟག་བརྟན་གྱི་ཞིང་ཁམས་ཡིན་པར་སྨོན
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།