མགྱོགས་བྲིས་ཁ་ཤས།

          མི་ཚེའི་རྭ་བ།
ཆུང་ཆུང་བྱིས་པའི་དུས།
འཇིག་རྟེན་འདི་རྩེད་རྭ་ཞིག་ཏུ་མཐོང་།
ལང་ཚོ་གཞོན་པའི་དུས། འཇིག་རྟེན་འདི་སློབ་རྭ་ཞིག་ཏུ་མངོན།
འཇོན་པོ་དར་མའི་དུས། འཇིག་རྟེན་འདི་ལས་རྭ་ཞིག་ཏུ་གྱུར།
ཉམས་ཆུང་རྒས་པའི་དུས། འཇིག་རྟེན་འདི་སྨན་ཁང་རྭ་བ་ཞིག
ངེས་མེད་དུ་འཆི་བའི་དུས། ལ་ལས་མུན་རྭ་ཟེར། ལ་ལས་འོད་རྭ་ཟེར། ལ་ལར་རྭ་བ་མེད།
                           
            བར་མ་དོ།
བདག་སྐྱེ་མ་མྱོང་བསམ་བྱུང་།
ཡིན་ན་ཡང་། སྐྱེས་ནས་ཚར་འདུག གསོན་ནས་ཀྱང་ཡུན་རིང་འགོར་འདུག

ང་ལ་ཅི་ཡང་ཐོབ་མེད་སྙམ་ཡང་།
ཡོད་ཚད་ལྷུན་གྱིས་གྲུབ། ཤོར་ཐབས་མི་འདུག

ཁོ་བོ་གང་དུའང་སོང་མེད་འདོད་ཀྱང་།
ག་ས་ག་བར་སླེབས་འདུག སླར་ཡང་ལོག་བྱུང་།

ང་ཚོ་ཕམ་མི་སྲིད་བསམ་བྱུང་།
ཡིན་ན་ཡང་། ཐོག་མ་ནས་ཕམ་འདུག མཐའ་ཡང་མེད།

ང་ཅི་ཡང་མིན་འདོད་དུས། ཡོད་ཚད་ཡིན་འདུག
ང་ཐམས་ཅན་ཡིན་བསམ་ཚེ། ཅི་ཡང་མིན་འདུག

ཅི་ཞིག་ཡིན་ཡང་ཆོག ཅི་ཞིག་མིན་ཡང་ཆོག
སྨྱོས་འདུག་གམ། སུ་ཡང་མེད་ན་སུ་ཞིག་སྨྱོ།

ལྷ་མེད་འདྲེ་མེད་ཀྱི་གསེང་དུ། མི་ཡང་མེད་པར་གྱུར།
མི་ཚོགས་འཚང་ཁའི་བར་དུ། ལྷ་འདྲེ་ཡང་འཚང་བྱུང་།

མེ་ཏོག་མེད་སའི་བར་སྣང་ནས་མེ་ཏོག་བཏུས།
སྙང་ངག་མེད་པའི་ཞིང་ཁམས་སུ་སྙན་ངག་རྙེད།

གཙང་བོ་དང་། འབབ་ཆུ།
གངས་ཆུ་དང་ཆར་ཆུ།
མཚོ་དང་མཚེའུ་རྩ་ནས་མེད་ས་དེ་རུ།
གཞི་ནས་ང་ཚོའི་སྐོམ་པ་སོད།

ལོ་མ་ལྗང་གུ་གཅིག་ཀྱང་མཐོང་མེད་དུ་གྱུར་དུས།
འཇིག་རྟེན་འདི་གཞི་ནས་རེ་བ་ཅན་ཞིག་ཏུ་འགྱུར་སྲིད།

ས་རུབ་རྒྱུ་མེད་ལ་ནམ་ལངས་རྒྱུ་མེད་ས་ན།
ཤི་བ་རྣམས་གསོན་འདུག
གསོན་པ་ཚོ་ཤི་འདུག

གྲིབ་ནག་ནང་གི་གྲིབ་མ། མུན་པའི་འོད་ཡིན།
རྨི་ལམ་ནང་གི་རྨི་ལམ། འོད་ཀྱི་མུན་པ་ཡིན།

ང་ལས་གྲོགས་མེད་ལ།
ང་ལས་དགྲ་ཡང་མེད།
བདག་ལས་སྡུག་བསྔལ་མེད་ལ།
བདག་ལས་བདེ་བ་ཡང་དབེན་པར་གྱུར།

            ཨ་ཅེ་དབྱངས་ཅན་མ།
ཨ་ཅེ་དབྱངས་ཅན་མ། ང་ལ་སྤྱན་གྱིས་མ་གཟིགས།
ཨ་ཅེ་འགྲོ་མེད་མ། ཨ་ཅེ་འོང་མེད་མ།
ཁྱེད་རང་སྙན་ངག་གིས་དབུལ་ན།
བདག་མེ་ཏོག་དང་སྐར་མ་བཏུ་རུ་འགྲོ་ཆོག
ཆུ་ཐིགས་བསོག་ཆོག་ལ་རྡེའུ་སྒྲིག་ཀྱང་ཆོག

ཨ་ཅེ་དབྱངས་ཅན་མ། ང་ལ་སྙན་གྱིས་མ་གསན།
ཨ་ཅེ་གཅིག་མིན་མ། ཨ་ཅེ་དུ་མ་མིན་མ།
ཁྱེད་ལ་རོལ་དབྱངས་ཀྱིས་ཕོང་ན།
ངས་སྒྲ་གྲགས་ཡོད་ཚད་ལ་ཁྱེད་ལ་འབུལ།
རི་བོ་ཐམས་ཅད་རོལ་ཆས་སུ་བཟོ་ཆོག

ཨ་ཅེ་དབྱངས་ཅན་མ། ང་ལ་ཐུགས་རྗེས་མ་གཟིགས།
ཨ་ཅེ་སྐྱེ་མེད་མ། ཨ་ཅེ་འགག་མེད་མ།
ཁྱེད་རང་ལ་བརྩེ་དུང་དང་དགའ་བས་མི་འདང་ན།
ང་ཁྱེད་ཀྱི་མཆུ་སྒྲོས་ཀྱི་ཟིལ་བར་གྱུར་ཆོག  

ཨ་ཅེ་དབྱངས་ཅན་མ། ང་འཇིན་རྟེན་འཁོར་བ་ལས་མ་སྐྱོབས།
ཨ་ཅེ་རྟག་མེད་མ། ཨ་ཅེ་ཆད་མེད་མ།
ཁྱེད་རང་ཁེར་འདུག་གིས་སྐྱོ་ན།
ཁོ་བོས་སྟོང་གསུམ་འཛུམ་མདངས་སུ་བསྒྱུར་ཆོག

ཨ་ཅེ་དབྱངས་ཅན་མ། ང་ལ་སྤྱན་གྱིས་མ་གཟིགས།
ཨ་ཅེ་སྤྲོས་བྲལ་མ། མེ་ཏོག་སྟོང་ལས་བྱས་པའི་བདག་གི་དྲི་མ་སྣོམ།
ཨ་ཅེ་མི་རྟོག་མ། འཇམ་པའི་དར་གོས་ལྟ་བུའི་ང་ཡི་སྙིང་ཁར་མ་རེག
ཨ་ཅེ་བརྗོད་བྲལ་མ། མངར་མཆོག་སྦྲང་རྩི་བཞིན་གྱི་ང་ཡི་རོ་མ་མྱོང་།
ཨ་ཅེ་ལྷན་སྐྱེས་མ། ང་རང་ཐུགས་ལ་མ་འཛིན།

ཨ་ཅེ་འོད་གསལ་མ། ང་ལ་དངོས་གྲུབ་མ་སྩོལ།
ཨ་ཅེ་རོ་གཅིག་མ། ཁྱེད་རང་ང་ལ་དགའ་མ་གསུངས།
ཨ་ཅེ་དབྱངས་ཅན་མ། ང་ལ་སྤྱན་གྱིས་མ་གཟིགས།
          ཤར་ཕྱོགས་སུ་འཕུར་བའི་ཨེ་ཕུ་གནམ་གྲུར་བྲིས། ༢༠༡༢,ཟླ་༠༡་ཚེས་༠༢།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགྱོགས་བྲིས་ཁ་ཤས།

2012-01-16 ཉི་ཟླ་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།