ལྷ་ས་ནས་ན་རོ་དྲན་པ།


ན་རོ་ནི་བོད་ཀྱི་དབྱངས་གསལ་སོ་བཞི་ལས་དབྱངས་ཤིག
དབྱངས་དེ་བྱ་རྒོད་དགུང་ལ་འཕུར་འདྲའི་གཤོག་པ་ཅན་ཞིག
ན་རོ་ནི་མི་རིགས་ལ་དབང་བའི་ཡིག་ཚོགས་ཁྲོད་ཀྱི་སྒྲ་གདངས་ཤིག
1ན་རོ་ནི“ལྷ་སའི་རྣ་ལུང”གི་ལུས་ངག་ཡིད་གསུམ་གྱི་བདག་ཉིད་ཆེན་པོའོ
 
ན་རོ་ཡོད་པ་ནས་བོད་ཀྱི་ཡི་གེ་ཡོད་པ་ཡིན
ན་རོ་ཡོད་པ་ནས་བདག་གི་རྨི་ལམ་གྱི་གཤོག་པ་བརྐྱངས་པ་ཡིན
ན་རོ་ཡོད་པ་ནས     ན་རོ་ཡོད་པའི་བར་དུ
སྲིད་པ་ཆགས་གླུའི་འགྱུར་ཁུག་ལ་གཡའ་ཆགས་མ་མྱོང
ཨ་མ་ཆང་མའི་ལག་ནང་གི་མཆོད་ཆང་ལ་མྱ་ངན་འཁོར་མ་མྱོང
 
2“དྲུག་པའི་ཚེས་པ་བཞི”ཡི་རེ་སྒུག་དེའི་ནང་དུ་ན་རོའི་མིག་ཆུ་འདྲེས་ཡོད
3“བློ་དཀར་ཡིད་ཀྱི་མེ་ཏོག”གི་འདབ་མའི་སྟེང་དུ་ན་རོའི་དྲན་གདུང་ཆགས་ཡོད
ན་རོ་ཡོད་པ་ནས     ཡི་གེའི་ང་རོ་ཡོད་པར་དུ
ཁེར་རྐྱང་གི་རྡོ་རིང་ངོགས་ཀྱི་ཡི་གེ་དེ་དག་ན་རོས་བརྩེ་བས་རུམ་སྲིད་དམ
               ༢༠༡༢ལོའི་ཟླ༡པའི་ཚེས༧ཉིན་དབུས་ལྷ་ལྡན་གྲོང་དུ་གྲུབ།
ཟུར་མཆན།
1“ལྷ་སའི་རྣ་ལུང”ནི་བོད་ཀྱི་ན་གཞོན་སྙན་ངག་པ་ན་རོའི་སྙན་ངག་ཅིག་གི་ཁ་བྱང་ཡིན།
2“དྲུག་པའི་ཚེས་པ་བཞི”ནི་ལྷ་སའི་གཞས་པ་སྐར་མ་ལགས་ཀྱི་གླུ་དབྱངས་ཤིག་ཁ་བྱང་ཡིན།
3 “བློ་དཀར་ཡིད་ཀྱི་མེ་ཏོག”ནི་གཞས་མ་ཟླ་སྒྲོན་ལགས་ཀྱི་གླུ་དབྱངས་ཤིག་གི་ཁ་བྱང་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ས་ནས་ན་རོ་དྲན་པ།

2012-01-13 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།


ན་རོ་ནི་བོད་ཀྱི་དབྱངས་གསལ་སོ་བཞི་ལས་དབྱངས་ཤིག
དབྱངས་དེ་བྱ་རྒོད་དགུང་ལ་འཕུར་འདྲའི་གཤོག་པ་ཅན་ཞིག
ན་རོ་ནི་མི་རིགས་ལ་དབང་བའི་ཡིག་ཚོགས་ཁྲོད་ཀྱི་སྒྲ་གདངས་ཤིག
1ན་རོ་ནི“ལྷ་སའི་རྣ་ལུང”གི་ལུས་ངག་ཡིད་གསུམ་གྱི་བདག་ཉིད་ཆེན་པོའོ
 
ན་རོ་ཡོད་པ་ནས་བོད་ཀྱི་ཡི་གེ་ཡོད་པ་ཡིན
ན་རོ་ཡོད་པ་ནས་བདག་གི་རྨི་ལམ་གྱི་གཤོག་པ་བརྐྱངས་པ་ཡིན
ན་རོ་ཡོད་པ་ནས     ན་རོ་ཡོད་པའི་བར་དུ
སྲིད་པ་ཆགས་གླུའི་འགྱུར་ཁུག་ལ་གཡའ་ཆགས་མ་མྱོང
ཨ་མ་ཆང་མའི་ལག་ནང་གི་མཆོད་ཆང་ལ་མྱ་ངན་འཁོར་མ་མྱོང
 
2“དྲུག་པའི་ཚེས་པ་བཞི”ཡི་རེ་སྒུག་དེའི་ནང་དུ་ན་རོའི་མིག་ཆུ་འདྲེས་ཡོད
3“བློ་དཀར་ཡིད་ཀྱི་མེ་ཏོག”གི་འདབ་མའི་སྟེང་དུ་ན་རོའི་དྲན་གདུང་ཆགས་ཡོད
ན་རོ་ཡོད་པ་ནས     ཡི་གེའི་ང་རོ་ཡོད་པར་དུ
ཁེར་རྐྱང་གི་རྡོ་རིང་ངོགས་ཀྱི་ཡི་གེ་དེ་དག་ན་རོས་བརྩེ་བས་རུམ་སྲིད་དམ
               ༢༠༡༢ལོའི་ཟླ༡པའི་ཚེས༧ཉིན་དབུས་ལྷ་ལྡན་གྲོང་དུ་གྲུབ།
ཟུར་མཆན།
1“ལྷ་སའི་རྣ་ལུང”ནི་བོད་ཀྱི་ན་གཞོན་སྙན་ངག་པ་ན་རོའི་སྙན་ངག་ཅིག་གི་ཁ་བྱང་ཡིན།
2“དྲུག་པའི་ཚེས་པ་བཞི”ནི་ལྷ་སའི་གཞས་པ་སྐར་མ་ལགས་ཀྱི་གླུ་དབྱངས་ཤིག་ཁ་བྱང་ཡིན།
3 “བློ་དཀར་ཡིད་ཀྱི་མེ་ཏོག”ནི་གཞས་མ་ཟླ་སྒྲོན་ལགས་ཀྱི་གླུ་དབྱངས་ཤིག་གི་ཁ་བྱང་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།