མེ་འཁོར་ནང་གི་རྨི་ལམ།


དོ་ནུབ་གཉིད་ཀྱི་ཁམས་ལ་ལྷུང་བས།
ན་ཆུང་བྱིས་པ་ཚོའི་རྩེད་འཇོ་ལྟ་བུའི།
རྨི་ལམ་ཐེངས་ཤིག་རྨིས་བྱུང་།
རྣོ་ལྕགས་ལས་སྲ་ཆེ་ཞིང་།
མེ་ལྕེ་ལས་ཚ་ཆེ་བ་ཞིག་རྨིས།
དེ་ཡིས་སེམས་པ་འདི་དུམ་བུར་གཉིས་སུ་བཏང་བྱུང་།
ཆ་གཅིག་མེ་འཁོར་ལ་བུད་ནས་ཐག་རིང་ཐག་རིང་དུ་ཕྱིན་སོང་།

དོ་ནུབ་གཉིད་ཀྱི་ཁམས་ལ་ལྷུང་བས།
ལྕགས་ཀྱིས་གྲུབ་པའི་སྦྲུལ་གཟུགས་ལྟ་བུའི།
མེ་འཁོར་ཞིག་ས་ཆེན་དུ་རྒྱུག་པ་རྨིས་བྱུང་།
གཉན་རི་ལས་བཙན་ཆེ་ཞིང་།
ས་བོན་ལས་སྟོབས་ཆེ་བ་ཞིག་རྨིས།
དེ་ཡིས་ས་གཞོངས་འདི་དུམ་བུར་གཤག་ནས།
རྩྭའི་ཉག་མའི་མགོ་བོ་ཡང་དམའ་རུ་བཏང་སོང་།

དོ་ནུབ་གཉིད་ཀྱི་ཁམས་ལ་ལྷུང་བས།
བང་ལམ་གཅོད་པའི་རྟ་རྒོད་ལྟ་བུའི།
ལྕགས་ཀྱི་གོས་ལྭ་གྱོན་པ་ཞིག་རྨིས་བྱུང་
ཤན་པ་ལས་སྡིག་རྩུབ་ཆེ་ཞིང་།
ཤྭ་འོད་ལས་འཇིགས་ཆེ་བ་ཞིག་རྨིས།
དེ་ཡིས་བག་ལྷོད་ངང་བརྟན་པོར་ཚུགས་པའི་སྦྲ་ནག་འཁྱེར་ནས།
ཡིད་འོང་གི་རྩྭ་ཐང་འདི་ཡང་ཐང་རྒོད་དུ་བཏང་སོང་།
                     ༢༠༡༢.༡.༣ཉིན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་འཁོར་ནང་གི་རྨི་ལམ།

2012-01-10 ཤོག་བུ། ཀློག་གྲངས། མཆན ཡོད།


དོ་ནུབ་གཉིད་ཀྱི་ཁམས་ལ་ལྷུང་བས།
ན་ཆུང་བྱིས་པ་ཚོའི་རྩེད་འཇོ་ལྟ་བུའི།
རྨི་ལམ་ཐེངས་ཤིག་རྨིས་བྱུང་།
རྣོ་ལྕགས་ལས་སྲ་ཆེ་ཞིང་།
མེ་ལྕེ་ལས་ཚ་ཆེ་བ་ཞིག་རྨིས།
དེ་ཡིས་སེམས་པ་འདི་དུམ་བུར་གཉིས་སུ་བཏང་བྱུང་།
ཆ་གཅིག་མེ་འཁོར་ལ་བུད་ནས་ཐག་རིང་ཐག་རིང་དུ་ཕྱིན་སོང་།

དོ་ནུབ་གཉིད་ཀྱི་ཁམས་ལ་ལྷུང་བས།
ལྕགས་ཀྱིས་གྲུབ་པའི་སྦྲུལ་གཟུགས་ལྟ་བུའི།
མེ་འཁོར་ཞིག་ས་ཆེན་དུ་རྒྱུག་པ་རྨིས་བྱུང་།
གཉན་རི་ལས་བཙན་ཆེ་ཞིང་།
ས་བོན་ལས་སྟོབས་ཆེ་བ་ཞིག་རྨིས།
དེ་ཡིས་ས་གཞོངས་འདི་དུམ་བུར་གཤག་ནས།
རྩྭའི་ཉག་མའི་མགོ་བོ་ཡང་དམའ་རུ་བཏང་སོང་།

དོ་ནུབ་གཉིད་ཀྱི་ཁམས་ལ་ལྷུང་བས།
བང་ལམ་གཅོད་པའི་རྟ་རྒོད་ལྟ་བུའི།
ལྕགས་ཀྱི་གོས་ལྭ་གྱོན་པ་ཞིག་རྨིས་བྱུང་
ཤན་པ་ལས་སྡིག་རྩུབ་ཆེ་ཞིང་།
ཤྭ་འོད་ལས་འཇིགས་ཆེ་བ་ཞིག་རྨིས།
དེ་ཡིས་བག་ལྷོད་ངང་བརྟན་པོར་ཚུགས་པའི་སྦྲ་ནག་འཁྱེར་ནས།
ཡིད་འོང་གི་རྩྭ་ཐང་འདི་ཡང་ཐང་རྒོད་དུ་བཏང་སོང་།
                     ༢༠༡༢.༡.༣ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།