ཁྱོད་ཀྱི་རྫུན་ཚིག་འགམ་བཞིན་པའི་སེམས་པ་སྐྱ་བོ།


ངའི་མགོ་སྟེང་དུ་གྲགས་འོངས་པའི་འབྲུག་སྒྲ་དེ་ནི་
ཁུ་བྱུག་ཅིག་གི་རོལ་དབྱངས་ཀྱི་གཤོག་འགྱུར་ཡིན་ཟེར།
ངས་རང་ཉིད་བྱེའུ་ཆུང་ཞིག་ཏུ་སྒོམ་པས།
ལུས་སྟེང་གི་རྣ་གཤོག་དག་ཁྱེད་ཀྱི་རིམ་དུ་བསྐྱལ།

དགུན་གཞུང་རིང་མོ་འདིའི་བྲང་ཁོག་ཏུ།
འུར་འུར་གྱི་འབྲུག་སྐད་ལྷུང་ལྷུང་གིས་འབབ་ཅིང་།
སྟངས་སྟབས་ཀྱིས་འགྱུར་ཁུག་དབེན་པའི་ཁ་བ་དེའང་།
རྨ་ཁའི་ཁེངས་པའི་སེམས་སུ་ལྗིད་ལྗིད་ཀྱིས་ལྷུང་ན།
ངས་དགུན་གཞུང་འདིར་གྲགས་འོངས་པའི་ཁུ་བྱུག་གང་དེའི་གཤོག་འགྱུར་ལའང་།
བཀྲ་ཤིས་པའི་མེ་ཏོག་ཅིག་གི་ཚད་མར་སེམས་སམ།
རྔམ་མཐུག་པའི་མཚན་མོ་གང་དེའི་འཇིགས་ཡར་བའི་སྔ་ལྟས་སུ་སྒོམ་ན་འོས།

ཆར་རླུང་གི་རྗེས་སུ་ཉི་འོད་ཀྱིས་ཕྱུག་པའི་འཇིག་རྟེན་གཞན་ཞིག
ཆུ་ཚོད་ཀྱིས་བཞུར་རྒྱུན་དེས་ཁྲིད་འོངས་པའི་གངས་རིའི་བརྩེ་གླུ
ཉི་འོད་ཀྱི་འོག་ཏུ་སྒམ་རྐྱལ་དུ་ཉལ་པའི་ངའི་ཕ་ས་དྲོན་མོའི་རྩྭ་ཐང་གི་སྐར་ཚོགས།
རྒྱུན་པར་རྨི་ལམ་དུ་ཐོན་པའི་སྣང་བརྙན་བཞིན་མིག་མདུན་དུ་བསླེབ་སྲིད་ན།
གྲ་སྒྲིག་ཅི་ཡང་མེད་པར། ངས་ཡང་སྙིང་ཅི་ཞིག་བྱས་ན་འགྲིག

ཁྱོད་ཀྱི་འཇིག་རྟེན་འགྲིམ་པའི་སྐད་ཅིག་མ་རེ་ལ།
བདེ་བ་དང་བདེ་སྐྱིད་ཀྱིས་བཟི་བའི་ང་རང་།
ཡང་སྙིང་ཅི་ཞིག་གི་དོན་དུ་ཁྱོད་ཀྱི་དྲན་གཞུང་དུ་ཐོན་ངེས་ལ།
ཡང་སྙིང་ཅི་ཞིག་གི་དོན་དུ་ཁྱོད་ཀྱི་སེམས་ཁུང་དུ་འཛུལ་ངེས་ཡིན།

ཁྱོད་ཀྱི་རྫུན་ཚིག་གིས་ཁྲིད་པའི་དྲན་པ་སྐྱ་བོས།
རྐྱང་བྲོ་ཞིག་གི་འགྱུར་ཁུག་ཁྲོད་ཚིག་འབྲུ་རེ་རེ་ལ་འབྲེལ་བཤད་རྒྱག་བཞིན།
རྨི་མི་ཚར་བའི་རྨི་ལམ་རྫོབ་རྫོབ་དེ་ལ་རྫོགས་ཚིག་ཅིག་གི་སྐྱེལ་མ་དང་།
བཀྲ་ཤིས་པའི་རྨི་ལམ་གཞན་ཞིག་ལ་སྨོན་འདུན་གྱི་རླུང་རྟ་སྤུར་གྱིན་ཡོད།
           2011/11/24ཉིན་སྨྱོན་པས་ལྷ་ལྡན་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱི་རྫུན་ཚིག་འགམ་བཞིན་པའི་སེམས་པ་སྐྱ་བོ།

2012-01-07 འབའ་ཚེ་སྨྱོན། ཀློག་གྲངས། མཆན ཡོད།


ངའི་མགོ་སྟེང་དུ་གྲགས་འོངས་པའི་འབྲུག་སྒྲ་དེ་ནི་
ཁུ་བྱུག་ཅིག་གི་རོལ་དབྱངས་ཀྱི་གཤོག་འགྱུར་ཡིན་ཟེར།
ངས་རང་ཉིད་བྱེའུ་ཆུང་ཞིག་ཏུ་སྒོམ་པས།
ལུས་སྟེང་གི་རྣ་གཤོག་དག་ཁྱེད་ཀྱི་རིམ་དུ་བསྐྱལ།

དགུན་གཞུང་རིང་མོ་འདིའི་བྲང་ཁོག་ཏུ།
འུར་འུར་གྱི་འབྲུག་སྐད་ལྷུང་ལྷུང་གིས་འབབ་ཅིང་།
སྟངས་སྟབས་ཀྱིས་འགྱུར་ཁུག་དབེན་པའི་ཁ་བ་དེའང་།
རྨ་ཁའི་ཁེངས་པའི་སེམས་སུ་ལྗིད་ལྗིད་ཀྱིས་ལྷུང་ན།
ངས་དགུན་གཞུང་འདིར་གྲགས་འོངས་པའི་ཁུ་བྱུག་གང་དེའི་གཤོག་འགྱུར་ལའང་།
བཀྲ་ཤིས་པའི་མེ་ཏོག་ཅིག་གི་ཚད་མར་སེམས་སམ།
རྔམ་མཐུག་པའི་མཚན་མོ་གང་དེའི་འཇིགས་ཡར་བའི་སྔ་ལྟས་སུ་སྒོམ་ན་འོས།

ཆར་རླུང་གི་རྗེས་སུ་ཉི་འོད་ཀྱིས་ཕྱུག་པའི་འཇིག་རྟེན་གཞན་ཞིག
ཆུ་ཚོད་ཀྱིས་བཞུར་རྒྱུན་དེས་ཁྲིད་འོངས་པའི་གངས་རིའི་བརྩེ་གླུ
ཉི་འོད་ཀྱི་འོག་ཏུ་སྒམ་རྐྱལ་དུ་ཉལ་པའི་ངའི་ཕ་ས་དྲོན་མོའི་རྩྭ་ཐང་གི་སྐར་ཚོགས།
རྒྱུན་པར་རྨི་ལམ་དུ་ཐོན་པའི་སྣང་བརྙན་བཞིན་མིག་མདུན་དུ་བསླེབ་སྲིད་ན།
གྲ་སྒྲིག་ཅི་ཡང་མེད་པར། ངས་ཡང་སྙིང་ཅི་ཞིག་བྱས་ན་འགྲིག

ཁྱོད་ཀྱི་འཇིག་རྟེན་འགྲིམ་པའི་སྐད་ཅིག་མ་རེ་ལ།
བདེ་བ་དང་བདེ་སྐྱིད་ཀྱིས་བཟི་བའི་ང་རང་།
ཡང་སྙིང་ཅི་ཞིག་གི་དོན་དུ་ཁྱོད་ཀྱི་དྲན་གཞུང་དུ་ཐོན་ངེས་ལ།
ཡང་སྙིང་ཅི་ཞིག་གི་དོན་དུ་ཁྱོད་ཀྱི་སེམས་ཁུང་དུ་འཛུལ་ངེས་ཡིན།

ཁྱོད་ཀྱི་རྫུན་ཚིག་གིས་ཁྲིད་པའི་དྲན་པ་སྐྱ་བོས།
རྐྱང་བྲོ་ཞིག་གི་འགྱུར་ཁུག་ཁྲོད་ཚིག་འབྲུ་རེ་རེ་ལ་འབྲེལ་བཤད་རྒྱག་བཞིན།
རྨི་མི་ཚར་བའི་རྨི་ལམ་རྫོབ་རྫོབ་དེ་ལ་རྫོགས་ཚིག་ཅིག་གི་སྐྱེལ་མ་དང་།
བཀྲ་ཤིས་པའི་རྨི་ལམ་གཞན་ཞིག་ལ་སྨོན་འདུན་གྱི་རླུང་རྟ་སྤུར་གྱིན་ཡོད།
           2011/11/24ཉིན་སྨྱོན་པས་ལྷ་ལྡན་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།