གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་ང་ན་བཞིན་འདུག

2012-01-03 10:05:00 སྙན་བཟང་དགེ་དར། ཀློག་གྲངས། མཆན ཡོད།


དེ་རིང་ང་ན་བཞིན་འདུག
ན་བའི་རྐྱེན་གྱིས་ངའི་མཐའ་ཁོར་གྱི་བྱ་བྱེའུ་འབའ་འབུའི་ཚོགས་ཀྱང
ངའི་ཁུ་སིམ་པའི་ལྷང་འཇགས་དཀྲོགས་མ་འདོད་པ་བཞིན
གྲགས་མེད་ཚོར་མེད་ཀྱིས་རྒྱང་རིང་དུ་བཞུད་སོང་།
དེའི་དབང་གིས  ངའི་སེམས་ཀྱི་གླུ་ཆུང་དེའང
ཁང་མིག་དང་ལྷན་དུ་འཁྱག་འདུག
 
དེ་རིང་ང་ན་བཞིན་འདུག
ན་བའི་རྐྱེན་གྱིས་གྲང་ཤུར་ཤུར་གྱི་སེམས་པ་འདི
གྲང་ཤུར་ཤུར་གྱི་ཁང་མིག་ནས་རླབས་ཤིང་འཕྱོ
བསམ་གཞིག་གང་མང་ཞིག་དང་དྲན་སྣང་སྣ་ཚོགས་ཤིག་གིས
དྲོད་ལམ་ལམ་གྱི་མཆི་སྒྲོས་ཤིག་རྒྱང་རིང་དུ་བོར་ཟིན
དེའི་དབང་གིས  ལྷད་མེད་པའི་འཛུམ་མདངས་དེའང
ན་བུན་དང་ལྷན་དུ་ཡལ་འདུག
 
དེ་རིང་ང་ན་བཞིན་འདུག
ན་བའི་རྐྱེན་གྱིས་ཡོད་ཚད་རང་བཞིན་གྱིས་འགྱུར་འདུག
འགྱུར་བའི་རྐྱེན་གྱིས་ང་ན་ཞིང
ན་བའི་རྐྱེན་གྱིས་ང་འགྱུར་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།