འབྲོག་ཁྱི་དང་སྤྱང་ཀི ད་དུང་དུས་གསུམ།

གོ་གཞོན་བསོད་སྟོབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-15


ཁ་སང་།
འབྲོག་ཁྱི་ཚོས་བློ་དཔའ་བའི་མཆེ་སྡེར་གཙིགས་བཞིན།
སྐྱི་གཡའ་བའི་གཅོང་སྐད་སྒྲོག་བཞིན།
སྦྲ་ནག་པོའི་ལས་དབང་སྲུང་ཡོད་སྐད།
སྤྱང་སྔོན་མོར་འགོག་རྒོལ་བྱས་ཡོད་སྐད།

དེ་རིང་།
འབྲོག་ཁྱི་ཚོས་དཔའ་ཤོར་བའི་རྔ་མ་གཡུག་གིན།
གཡོ་སྒྱུ་མའི་སྤྱང་ལག་འཆང་གིན།
སྦྲ་ནག་པོའི་ལས་དབང་གཏོར་སོང་།
ཕྱུགས་དཀར་ནག་སྡུག་ལ་སྦྱར་སོང་།

སང་ཉིན།
འབྲོག་ཁྱི་ཚོས་སྤྱང་སྔོན་མོར་ལག་པ་སྦྲེལ་ནས།
ཞེ་ལོག་པའི་དེ་རིང་གི་སྐྱོ་གར་འདིའི་མུ་མཐུད་དམ།
ཡང་ན། སྤྱང་སྔོན་མོར་འགོག་རྒོལ་བྱས་ནས།
ངོམས་སྤོབས་པའི་ཁ་སང་གི་གཟི་བརྗིད་དེའི་རྒྱུན་བསྲིངས་སྲིད།
                            2010-06-10ཉིན། པེ་ཅིན་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་ཁྱི་དང་སྤྱང་ཀི ད་དུང་དུས་གསུམ།

2012-04-15 གོ་གཞོན་བསོད་སྟོབས། ཀློག་གྲངས། མཆན ཡོད།


ཁ་སང་།
འབྲོག་ཁྱི་ཚོས་བློ་དཔའ་བའི་མཆེ་སྡེར་གཙིགས་བཞིན།
སྐྱི་གཡའ་བའི་གཅོང་སྐད་སྒྲོག་བཞིན།
སྦྲ་ནག་པོའི་ལས་དབང་སྲུང་ཡོད་སྐད།
སྤྱང་སྔོན་མོར་འགོག་རྒོལ་བྱས་ཡོད་སྐད།

དེ་རིང་།
འབྲོག་ཁྱི་ཚོས་དཔའ་ཤོར་བའི་རྔ་མ་གཡུག་གིན།
གཡོ་སྒྱུ་མའི་སྤྱང་ལག་འཆང་གིན།
སྦྲ་ནག་པོའི་ལས་དབང་གཏོར་སོང་།
ཕྱུགས་དཀར་ནག་སྡུག་ལ་སྦྱར་སོང་།

སང་ཉིན།
འབྲོག་ཁྱི་ཚོས་སྤྱང་སྔོན་མོར་ལག་པ་སྦྲེལ་ནས།
ཞེ་ལོག་པའི་དེ་རིང་གི་སྐྱོ་གར་འདིའི་མུ་མཐུད་དམ།
ཡང་ན། སྤྱང་སྔོན་མོར་འགོག་རྒོལ་བྱས་ནས།
ངོམས་སྤོབས་པའི་ཁ་སང་གི་གཟི་བརྗིད་དེའི་རྒྱུན་བསྲིངས་སྲིད།
                            2010-06-10ཉིན། པེ་ཅིན་དུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།