གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཅི་ཡང་མེད་དུས།

2012-04-15 13:28:00 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།


བཞི་མདོ་ནས་འགྲོ་མཁན་ཚོ
བཞི་མདོ་འདིར་བྱང་ཆ་ཡོད་པས
ངས་གོམ་ཁ་འདི་ཕྱི་ལ་མི་བསྣུར་ཀ་མེད་རེད
 
མིག་མདུན་དུ་མངོན་པའི་དཀྱོགས་མཚམས་རེ་རེ
མིག་ངོས་སུ་ཆེས་གཟན་པའི་གསང་བའི་ལམ་ཁ་རེ་རེ་ཡིན་པས
ངས་རང་ཉིད་སྤར་གོང་ནང་གི་རྡེའུ་ཆུང་དེ་བྱ་མི་འདོད
 
ཨ་གསར་གྱི་ལག་པ་གང་མང་མཐོང་ན
མི་རེ་རེ་ལ་སྡོམ་རྒྱ་ལྟ་བུའི་སྤྱི་འགྲོས་ཤིག་ཡོད་པས
ངས་རངདབང་གི་མགོ་བོ་གཡོ་བཙོང་བྱ་མི་འདོད
 
ནམ་མཁའ་ལ་ཁ་དོག་འགྱུར་ཚུལ་དང
ས་གཞི་མུན་པས་གཡོག་པའི་དུས་ཚོད་འདི་དག
ང་རང་ཆེས་སྐྲག་པའི་རྨི་ལམ་དངོས་ཤིག་ཡིན
 
དེ་རིང  ངས་འུག་པའི་འཕུར་རྩལ་ལ་སློབ་སྦྱོང་བྱས་ཤིང
སྤྱང་མོའི་འདུར་རྒྱུག་ཁོ་ནར་ཞིབ་འཇུག་བགྱིས་ཀྱིན་ཡོད
འདི་ནི  རང་ཉིད་ཀྱི་ཕྱི་ནང་བཙོ་སྤྱང་བྱ་བའི་སྔོན་འགྲོ་ཡིན་ཡང་སྲིད
 
ཅི་ཡང་མེད་དུས  ཕ་མ་དང་ཉེ་དུ་བརྗེད་པར་གྱིས
བློས་གྲོགས་དང་སྙིང་ཉེ་ཡང་བརྗེད་པར་གྱིས
འདི་ནི   ཕ་མཐའ་བྲལ་བའི་དོན་དམ་གྱི་རང་དབང་ཁོ་ནའོ
 
                               ཉི་མ་ལུང་ནས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།