གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅེས་ཕྲུག་ཚོའི་མདུན་དུ།

2012-04-11 12:01:00 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

གཅེས་ཕྲུག་ཚོའི་མདུན་དུ
སྔོན་ཆད་གཞུང་ལམ་ཞིག་འདུག
ད་ལྟ་གཞུང་ལམ་དེའི་ཁོད་ཇེ་ཁོད་ཡིན་པ་འདྲ
ཕལ་ཆེར་མདུན་དུ་གོམ་པ་འགའ་སོང་ན
གཤོག་སྣེ་ཡང་བྲག་ལ་ཐོགས་ན་ཐང
 
ཤེའུ་ཕྲུག་ཚོའི་མདུན་དུ
ན་ནིང་གཞུང་ཆུ་ཞིག་འདུག
ད་ལྟ་གཞུང་ཆུ་དེའི་ཉག་ཇེ་ཕྲག་ཡིན་པ་འདྲ
ཕལ་ཆེར་འཐུང་ཐེངས་འགའ་འགོར་ན
མཆུ་སྣེ་ཡང་ས་ལ་ཐོགས་ན་ཐང
 
བོད་མི་ཚོའི་མདུན་དུ
སྔོན་ཆད་གསེར་གྱི་ཞིག་འདུག
ད་ལྟ་གསེར་རི་དེའི་མདངས་ཉམས་པ་འདྲ
ཕལ་ཆེར་མི་ལོ་འགའ་སོང་ན
ས་རི་ཞིག་ཀྱང་མི་མཐོང་ན་ཐང
 
ང་རང་གི་མདུན་དུ
སྔོན་ཆད་ཐག་རིང་ཐག་རིང་ཞིག་ཡོད
ད་ལྟ་ཐག་རིང་དེར་ཚོར་བ་མེད་པ་འདྲ
ཕལ་ཆེར་གཉིད་ཐེངས་འགའ་འགོར་ན
ཐག་ཉེ་ཞིག་ཀྱང་འབོར་ན་ཐང
     ༢༠༡༢༣༡༥  གསལ་བཤད།སྙན་ངག་འདི་རང་ཉིད་གཞི་རིམ་གྱི་དགེ་རྒན་་བྱས་པའི་མྱོང་ཚོར་དངོས་མ་ཞིག་བྲིས་པའོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།