གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུགས་རིང་འབྱིན་པ།

2012-04-10 10:17:00 རྒྱལ་སྲས་མིག་ཅན། ཀློག་གྲངས། མཆན ཡོད།


དུས་ཚིགས་འདིས་ཁོ་བོར་སྡུག་བསྔལ་ཞེས་པའི་ཐ་སྙད་གཉིས་བཙན་གྱིས་ཁྲིད་བྱུང
རྨ་ཁ་དེ་དག་ནི་མེ་ཏོག་ཅིག་ལྟར་ཁ་བཀད་བྱུང་བས
བདག་གིས་རང་ཉིད་ཀྱི་སེམས་པ་དང་གཞན་དེ་དག
འཁྲུལ་སྣང་དང་མག་མོག་གི་བར་ནས་བཅད་དེ་ཁྱེར་དགོས་བྱུང
 
བདག་གི་སེམས་པ་ནི་བཤད་འདོད་ཀྱང་བཤད་མི་ཐུབ་པ་བསྡུ་སའི་སྣོད་ཅིག་རེད
ཁྱོད་ཀྱི་བརྩེ་བ་ནི་མཐོང་མི་ཐུབ་པའི་ཤེས་པའམ་ཡང་ན་དེའི་རིགས་ཅིག་རེད
འདི་ནི་ངའི་སྙིང་གི་ཟབ་སར་ལྷུང་བའི་འཁྱག་སིབ་སིབ་ཆུ་ཐིགས་དེའོ
 
ལོ་ཟླའི་སྐེ་རུ་དཔྱིངས་པའི་ངལ་དུབ་ཀྱི་སེམས་པ་ཆ་གཅིག
གཞི་ནས་མཇུག་རྫོགས་འདྲའི་རླུང་བུ་ཤིག་གཡུག་རྗེས
ཁྱོད་ཀྱི་མིག་ལམ་ན
སུ་ལ་འཁང་ར་བྱེད་བསམ་དུ་ལྷུང་བའི་ཆུ་ཐིགས་འགའ་ཡོད་དམ
 
སེམས་ཀྱི་ཟབ་ས་རུ་སྦས་སྦས་མོད་ཟབ་ས་ནས་བོར་སོང་བ་དེ་དག
གློ་བུར་དུ་ལྷུང་ཞིང་རུས་པའི་གཏིང་ངོས་སུ་བབས་པའི་ཡི་གེ་འགས་བྲིས་ཏེ
གཞན་ལ་འཆོར་བཞིན་པའི་ཁྱོད་ལ་སྟེར་རམ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།