ཁ་བྱང་མེད་པའི་སྙན་ངག

རྐབ་འཇབ་ལག་འཇབ་ཀྱིས།
མུན་པ་དང་ལྷན་ཏུ་རྒྱང་རིང་ཞིག་ཏུ་བཞུད་འོས།
མུ་ཏིག་གི་སྐེ་རྒྱན་དེའི་དོན་ཏུ།
ས་ཆེན་གྱི་བྲང་གཞུང་ནས་སྙིང་ཁྲག་ཕྱི་རུ་བཏོན་ནས།
སུ་ཞིག་ལ་གཟབ་རྒྱས་ཀྱི་གསོལ་སྟོན་ཞིག་བཤམས་དགོས།

ལག་ཏུ་ཐོགས་པའི་བོའུ་ལོ་འདྲ་བའི་སྨྱུ་གུའི་རྩེ་མོ་ནས།
ངས་ནི་དགའ་སྡུག་སྐྱོ་གསུམ་མ་འདྲེས་པའི།
ཚོར་བ་དང་རྣམ་ཤེས་མེད་པའི་སྙན་ངག་རེ་བྲིས་རྗེས།
སྐར་འོད་མག་མོག་གི་ཀློང་ནས།
རང་ཉིད་ཀྱི་གྲིབ་མ་ཨུ་ཚུགས་ཀྱིས་བཙལ་ན་འདོད།

རྒྱང་རིང་ནི་འོད་ཀྱི་ཞིང་ཁམས་ཤིག
གོམས་པ་མཐོ་རུ་བཀྱགས་ནས་ཤུགས་ཀྱིས་སྤོས་པས།
རྐང་འོག་གི་ས་གཞི་ཡང་ཡང་འདར་བྱུང་།

                                                                                    ༢༠༡༢ལོའི་ཟླ ༤ ཚེས ༤ ཉིན་ལ་ཟི་ལིང་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བྱང་མེད་པའི་སྙན་ངག

2012-04-10 ནམ་ལང་། ཀློག་གྲངས། མཆན ཡོད།

རྐབ་འཇབ་ལག་འཇབ་ཀྱིས།
མུན་པ་དང་ལྷན་ཏུ་རྒྱང་རིང་ཞིག་ཏུ་བཞུད་འོས།
མུ་ཏིག་གི་སྐེ་རྒྱན་དེའི་དོན་ཏུ།
ས་ཆེན་གྱི་བྲང་གཞུང་ནས་སྙིང་ཁྲག་ཕྱི་རུ་བཏོན་ནས།
སུ་ཞིག་ལ་གཟབ་རྒྱས་ཀྱི་གསོལ་སྟོན་ཞིག་བཤམས་དགོས།

ལག་ཏུ་ཐོགས་པའི་བོའུ་ལོ་འདྲ་བའི་སྨྱུ་གུའི་རྩེ་མོ་ནས།
ངས་ནི་དགའ་སྡུག་སྐྱོ་གསུམ་མ་འདྲེས་པའི།
ཚོར་བ་དང་རྣམ་ཤེས་མེད་པའི་སྙན་ངག་རེ་བྲིས་རྗེས།
སྐར་འོད་མག་མོག་གི་ཀློང་ནས།
རང་ཉིད་ཀྱི་གྲིབ་མ་ཨུ་ཚུགས་ཀྱིས་བཙལ་ན་འདོད།

རྒྱང་རིང་ནི་འོད་ཀྱི་ཞིང་ཁམས་ཤིག
གོམས་པ་མཐོ་རུ་བཀྱགས་ནས་ཤུགས་ཀྱིས་སྤོས་པས།
རྐང་འོག་གི་ས་གཞི་ཡང་ཡང་འདར་བྱུང་།

                                                                                    ༢༠༡༢ལོའི་ཟླ ༤ ཚེས ༤ ཉིན་ལ་ཟི་ལིང་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།